གློག་བརྙན《གཡང་མདའ》ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསེར་ཇོའི་ཕུལ་བྱུང་པར་ལེན་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-25 10:11:00 ཀློག་གྲངས།:


གློག་བརྙན《གཡང་མདའ》ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསེར་ཇོའི་ཕུལ་བྱུང་པར་ལེན་བྱ་དགའ་ཐོབ།

      རྒྱུས་ལོན་པ་ལྟར་ན། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་བདུན་པ་ཉེ་ལམ་མཇུག་སྒྲིལ་ཞིང་། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི《གཡང་མདའ》ཞེས་པའི་གློག་བརྙན་ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསེར་ཇོའི་ཕུལ་བྱུང་པར་ལེན་བྱ་དགའ་ཐོབ། བྱ་དགའི་ཞུ་ཚིག་ནི་འདི་ལྟ་སྟེ། གློག་བརྙན་འདིའི་ཁྱད་དུ་འཕགས་པ་ནི་སྲོལ་རྒྱུན་དང་སྤོབས་པ་ཆེར་བསྐྱེད་ཀྱི་པར་ལེན་བྱེད་སྟངས་དང་། དོན་བརྗོད་སྙན་ངག་ལྟ་བུའི་གཏམ་རྒྱུད་གླེང་བ་དེ་ཡིན།

      བྱ་དགའ་ཐོབ་རྗེས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས“པར་ལེན་པ་ལོ་ཕན་ཁོ་གློག་ བརྙན་ལ་དུངས་ཤིང་གློག་བརྙན་ལ་སེམས་གཏད་པ་དང་། དེར་བཅངས་པའི་སྤྲོ་བ་བཅས་ལ་བཀའ་དྲིན་ཞུ་བ་དང་། གློག་བརྙན་ཕབ་སྐྲུན་ཚན་ཆུང་གི་ཚོགས་མི་ཡོངས་དང་ལས་དོན་འདིར་རྒྱབ་སྐྱོར་དང་ ཐུགས་ཁུར་གནང་མཁན་གྱི་གྲོགས་པོ་དག་ལ་བཀའ་དྲིན་སྙིང་ནས་ཞུ”ཟེར།


ཡུལ་དངོས་ཀྱི་ལྷན་པར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།