བོད་སྐད་གློག་བརྙན《ལམ་གྱི་རྨི་ལམ》ཞེས་པ་སི་ཁྲོན་རྔ་བ་རུ་ཕབ་བསྐྲུན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-06 10:06:00 ཀློག་གྲངས།:

བོད་སྐད་གློག་བརྙན《ལམ་གྱི་རྨི་ལམ》ཞེས་པ་སི་ཁྲོན་རྔ་བ་རུ་ཕབ་བསྐྲུན་བྱས།
བོད་སྐད་གློག་བརྙན《ལམ་གྱི་རྨི་ལམ》ཞེས་པ་སི་ཁྲོན་རྔ་བ་རུ་ཕབ་བསྐྲུན་བྱས།

        ཉེ་སྔོན། པེ་ཅིང་འཁྲབ་རྩལ་སློབ་གླིང་སྒྲིག་ཁྲིད་པའི་སྡེ་ཁག་གི་བོད་རིགས་སློབ་མ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་སྐད་གློག་བརྙན《ལམ་གྱི་རྨི་ལམ》ཞེས་པ་སི་ཁྲོན་རྔ་བ་རུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་། ཨ་སྒང་ཡར་རྒྱས་ནི་པེ་ཅིང་འཁྲབ་རྩལ་སློབ་གླིང་དུ་གློག་བརྙན་སློབ་པའི་བོད་རིགས་སློབ་མ་ཉག་ཅིག་ཡིན་ལ། 《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་འདི་ནི་ཁོ་རང་སློབ་གྲྭར་འགྲིམ་པའི་སྐབས་ཀྱི་སློབ་སྐབས་ལས་བྱ་ཡིན།


ཕབ་སྐྲུན་ཡུལ་དངོས།

        གློག་བརྙན་ཁྲོད་གཙོ་ཆེར་སྤྲུལ་སྐུ་ཆུང་ཆུང་ཞིག་གི་གཏམ་རྒྱུད་བརྗོད་པ་སྟེ། སློབ་ཆུང་ནས་དགོན་པར་སྐྱེལ་བའི་ལོ9ཅན་གྱི་སྤྲུལ་སྐུ་ཆུང་ཆུང་ཞིག་དགོན་པ་རུ་ལོ་གཅིག་ལ་སློབ་གཉེར་བྱས་རྗེས་ཉིན་ཞིག་ལ་དགོན་པ་ནས་བྲོས་ཏེ་སློབ་གྲྭར་ཡོང་ནས་སྔར་གྱི་གྲོགས་པོ་ཚེ་རིང་བཙལ་ནའང་། ཁོ་དང་སློབ་བྱོལ་བྱས་པའི་ཚེ་རིང་མཐའ་མར་དགེ་རྒན་གྱིས་བོས་སོང་བ་སོགས་ཀྱི་རྐྱེན་གྱིས། དགོན་པ་དང་སློབ་གྲྭའི་སྒྲིག་ལམ་གྱིས་གཅུན་པའི་ཁོར་ཡུག་ཁྲོད་སྤྲུལ་སྐུ་ཆུང་ཆུང་ཁོ་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་། བརྐུས་ཡོང་བའི་འཁོར་གསུམ་རྐང་འཁོར་ལ་ཞོན་ཏེ་བཞི་མདོ་ཞིག་ནས་འགྲོ་མཚམས་བཞག་སྟེ་གཞུག་སྒམ་ནང་གཉིད་དུ་ཡུར་བ་མ་ཟད། རྨི་ལམ་ཞིག་ཀྱང་རྨིས་ལ། རྨི་ལམ་དུ་ཁོས་རེ་ལྟོས་བྱེད་པའི་མཛེས་སྡུག་དང་དགའ་སྐྱིད་ཀྱི་འཇིག་རྟེན་དེ་མཐོང་བྱུང་བ་སོགས་བསྟན་པ་རེད།


འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་དང་གཙོ་འཁྲབ་པ་འཇམ་དབྱངས་ཟླ་བ།

ཟུར་བཀོད།
འཁྲབ་ཁྲིད་པ། ཨ་སྒང་ཡར་རྒྱས།
གཙོ་འཁྲབ་པ། འཇམ་དབྱངས་ཟླ་བ། བསྟན་འཛིན་རྒྱ་མཚོ།
སྒྲིག་བཟོ་བ། ཚུལ་ཁྲིམས།
སྒྲིག་བཟོ་ལས་འཛིན་པ། ཕག་ལོ།
འཚོ་བའི་སྒྲིག་བཟོ། ཀུན་བཟང་།
ཡུལ་དངོས་སྒྲིག་བཟོ། རྡོ་རྗེ་རབ་བརྟན།
འཁྲབ་ཁྲིད་པའི་ལས་རོགས། འཇིགས་བྱམས་ཚེ་རིང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།