《དབུས་ལམ་གྱི་ཉི་མ》ཟི་ལིང་ཅཱ་ཧི་བརྙན་གླིང་དུ་དོ་དགོང་གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-21 12:03:00 ཀློག་གྲངས།:

《太阳总在左边》

  རྒྱུས་ལོན་བྱུང་བ་ལྟར་ཟླ7པའི་ཚེས20ཉིན་ནས་ཚེས23ཉིན་བར་གྱི་དགོང་མོའི་ཆུ་ཚོད19:00ནས་ཆུ་ཚོད20:30སྟེང་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་ཅཱ་ཧི་བརྙན་གླིང་དུFRISTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་གློག་བརྙན་གཏོང་རྒྱུ་ཡིན་པ་དང་། ཚེས21ཉིན་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པ་གཏོང་རྒྱུ་རེད།
  གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པར2011ལོའི་ཟླ10བར་ཝུན་ཀི་ཧྭའི་རྒྱལ་སྤྱའི་གློག་བརྙན་དུས་ཆེན་གྱི་སྟེང་དུ་སྟག་འབྲུག་རྟགས་མའི་བྱ་དགའ་ཐོབ་པ་དང་། ཧྥ་རན་སེའི་ཏུའུ་ཝེར་ཡ་གླིང་གློག་བརྙན་དུས་ཆེན་ཁྲོད་བདམས་ནས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་མྱོང་པ་རེད།
  《དབུས་ལམ་གྱི་ཉི་མ》ནི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་མ་གནས་དམའ་བའི་གྲངས་འཛིན་གློག་བརྙན་ཞིག་ཡིན་ཅིང་། འདིའི་ནང་དུ་བོད་རིགས་ན་གཞོན་ཞིག་གིས་མཐོལ་བཤགས་བྱེད་པའི་སེམས་ཁམས་མངོན་པར་མཚོན་ཡོད་པ་སྟེ། མི་སྣ་གཙོ་བོ་ཉི་མར་སྟབས་མ་ལེགས་པར་འགྲིམ་འགྲུལ་གྱི་ཆག་སྒོ་བྱུང་ནས་ཁོང་གི་ཨ་མ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བས། ཁོང་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་ལྷ་ས་ནས་རང་ཡུལ་དུ་རྐང་ཐང་ལ་བསྐྱོད་ནས་སྐྱེ་འཆིའི་སྙིང་བོ་འཚོལ་སྙེག་བྱེད་བཞིན་པ་བརྗོད་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།