བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གི་གློག་བརྙན་བརྩམས་ཆོས་ལ་བྱ་དགའ་ཐོབ་པ།
བྱ་དགའ་གནང་བའི་ཚོགས་འདུའི་ཡུལ་དངོས།
2012ལོའི་ཟླ4ཚེས15ཉིན། པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོའི་མཛེས་རིས་དང་རྒྱ་ཁྱབ་སློབ་གླིང་གི་པེ་གོ་ཟློས་གར་ཁང་དུ་པེ་ཅིན་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་གནང་བའི་ཚོགས་འདུ་ཟབ་རྒྱས་ངང་ཚོགས་པ་རེད།
པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་ནི་ཀྲུང་གོའི་ཆེས་མིང་དུ་གྲགས་པའི་གཟུགས་བརྙན་དྲ་རྒྱ་བཅུས་མཉམ་འབྲེལ་སྒོས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བརྩམས་ཆོས་གཟེངས་སུ་ཐོན་པ་དག་གདམ་གསེས་ཡར་སྤྲོད་ཀྱིས་དུས་ཆེན་འདིའི་འགྲན་སྡུར་དུ་ཞུགས་པ་ཞིག་ཡིན།
བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གི་གློག་བརྙན་
བརྩམས་ཆོས《ཁྱོད་རང་དྲན་པའི་སྟོན་ཁ》ཞེས་པར་མི་
རིགས་ཀྱི་རྒྱུ་ཆ་ཁྱད་དུ་འཕགས་པའི་བྱ་དགའ་ཐོབ།
འདིའི་དམིགས་ཡུལ་ནི་ད་ལྟའི་ན་གཞོན་དག་དྲ་རྒྱ་བརྒྱུད་དེ་གློག་བརྙན་ལ་ལྟ་བའི་གོམས་གཤིས་ཆགས་ཡོད་པའི་གནས་སྟངས་འོག་ཕན་ནུས་ལྡན་པའི་སྒོ་ནས་པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་བརྒྱུད་རྒྱལ་ནང་གློག་བརྙན་དང་སློབ་ཆེན་གློག་བརྙན་གཉིས་ཀྱི་བྱ་དགའི་འབྲེལ་ཟམ་གྱི་སྟོང་ཆ་ཟབ་པ་ཞིག་ཡིན།
ད་རེབ་ཀྱི་གློག་བརྙན་དུས་ཆེན་འདི་རྒྱལ་ཁབ་ཕྱི་ནང་གི་དྲེག་རྩལ་ཆེད་སྦྱོང་སློབ་མ་འགས་འགོ་བརྩམས་ཞིང་། མིང་དུ་གྲགས་པའི་འཁྲབ་ཁྲིད་པ་ཀོའུ་ཁྲང་ཝིས་ཀྱི་གཏམ་བཤད་དང་། སྐད་གྲགས་ཆོད་པའི་གཞས་མ་ཀྲང་ཅན་དབྱིས་ཀྱི་གླུ་གཞས་བཅས་ཀྱིས་ཚོགས་ར་ཡོངས་ལ་བླ་ལྷག་དགའ་སྤྲོའི་སྣང་བས་ཁྱབ་པར་བྱས།
མཛད་སྒོའི་ཟུར་ཞིག
དེར་མ་ཟད་གློག་བརྙན་དུས་ཆེན་འདིར་ད་དུང་གློག་བརྙན་དུས་ཆེན་གྱི་རྩ་འཛུགས་ཚོགས་པས་གདན་ཞུས་ལྟར། པེ་ཅིང་དགེ་འོས་སློབ་ཆེན་གྱི་སྒྱུ་རྩལ་དང་རྒྱ་ཁྱབ་སྡེ་ཁག་གི་སྤྱི་དཔོན་ཟུར་བ་དཔང་ཤིས་ལེན་དང་ཆིན་ཧྭ་སློབ་གྲྭ་ཆེན་མོའི་གསར་འགྱུར་དང་བརྒྱུད་སྒྲོག་སློབ་གླིང་གི་རྒྱུན་ལས་སྤྱི་དཔོན་ཟུར་བ་ཁྲང་དབྱི་ཧོང་། པེ་ཅིང་གློག་བརྙན་སློབ་གླིང་རྒྱལ་སྤྱིའི་འབྲེལ་ཟམ་སློབ་གླིང་གི་སྤྱི་དཔོན་ཀྲུང་ཏ་སྤུན་བཅས་ཞུགས་ཡོད།
གློག་བརྙན་དུས་ཆེན་འདིའི་ཁྲོད་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གི་གློག་བརྙན་བརྩམས་ཆོས《ཁྱོད་རང་དྲན་པའི་སྟོན་ཁ》ཞེས་པར་མི་རིགས་ཀྱི་རྒྱུ་ཆ་ཁྱད་དུ་འཕགས་པའི་བྱ་དགའ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com