ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་གློག་བརྙན་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་དུ་ཚུད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-10 11:57:00 ཀློག་གྲངས།:


ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་གློག་བརྙན《ཁྱེད་རང་དྲན་པའི་སྟོན་ཁ》

  ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་གློག་བརྙན་གསར་བ《ཁྱེད་རང་དྲན་པའི་སྟོན་ཁ》ཞེས་པ་སྐབས19བའི་པེ་ཅིང་སློབ་ཆེན་པའི་གློག་བརྙན་དུས་ཆེན་ནམ་སྐབས13པའི་སློབ་ཆེན་པའི་གསར་བརྩམས་གློག་བརྙན་འགྲན་སྡུར་ཁྲོད་ཚུད་པ་རེད།
  གློག་བརྙན་འདི་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་ལགས་ཀྱི་བརྩམས་སྒྲུང་ལས་བསྒྲིགས་པ་ཡིན་ཞིང་། གཙོ་བོ་བོད་ཀྱི་སྲོལ་རྒྱུན་གྱི་གཉེན་སྲོལ་ཁྲོད་ན་གཞོན་ཕོ་མོའི་གཉེན་སྒྲིག་ལ་རང་དབང་མེད་པ་དང་ལྷད་མེད་ཀྱི་བརྩེ་དུང་དེ་ལུགས་མིན་སྲོལ་ངན་དུ་བཟུང་ནས་སྤྱི་ཚོགས་ཀྱིས་སུན་འབྱིན་བྱེད་པ་སྲོག་ཤིང་དུ་བྱས་ཏེ་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་བུ་བུ་མོ་གཉིས་ཀྱི་ལྷད་མེད་རྣམ་དག་གི་བརྩེ་འདང་ལ་བསྔགས་བརྗོད་དང་ན་གཞོན་ཕོ་མོ་རྣམས་ཀྱིས་རང་དབང་གི་བརྩེ་དུང་ལ་བཅངས་པའི་རེ་སྨོན་བཅས་ཀྱི་བརྗོད་དོན་ཚར་དུ་དངར་བ་རིམ་གྱིས་བརྗོད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།