《དབུས་ལམ་གྱི་ཉི་མ》ཧྥ་རན་སེའི་ཏུའུ་ཝེར་གློག་བརྙན་དུས་ཆེན་དུ་ཚུད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-28 11:01:00 ཀློག་གྲངས།:


《དབུས་ལམ་གྱི་ཉི་མ》ཞེས་པའི་འགྲེམ་སྤེལ་པར་རིས།

  སྐབས30པའི་ཝུན་ཀི་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྟེང་སྟག་འབྲུག་རྟགས་མའི་བྱ་དགའ་ཐོབ་པའི་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་ཐོག་མའི་བརྩམས་ཆོས་ཏེ《དབུས་ལམ་གྱི་ཉི་མ》ཞེས་པ་ཧྥ་རན་སེའི་ཏུའུ་ཝེར་ཡ་གླིང་གློག་བརྙན་དུས་ཆེན་ཁྲོད་བདམས་པར་མ་ཟད། ཟླ3པའི་ཚེས7ཉིན་གྱི་ཏུའུ་ཝེར་གློག་བརྙན་དུས་ཆེན་གྱི་འགོ་རྩོམ་གློག་བརྙན་དུ་བྱས་ནས་སྟོན་རྒྱུ་རེད།
  2011ལོའི་འཛམ་གླིང་གི་གློག་བརྙན་སྟེགས་བུའི་སྟེང་གཟི་དཔལ་འབར་བའི《དབུས་ལམ་གྱི་ཉི་མ》ཞེས་པར་འཛམ་གླིང་གི་ཡུལ་གྲུ་སོ་སོའི་གློག་བརྙན་པ་དང་ལྟ་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། གློག་བརྙན་འདི2011ལོའི་སུའེ་ཙེར་ལུའོ་ཅ་ནུའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། ལུན་ཏུན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ལྗར་པན་ཧྥོ་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོགས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཉི་ཤུ་ལྷག་གི་ཁྲོད་ཚུད་པ་རེད།
  སྐབས30པའི་ཝུན་ཀི་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང《དབུས་ལམ་གྱི་ཉི་མ》བསྟན་རྗེས་ལྟ་མཁན་རྣམས་ཀྱིས་ལག་ཟུང་ཐལ་མོ་རྡེབ་བཞིན་བསྟོད་པའི་མེ་ཏོག་གཏོར་བས་འགྲན་ཚོགས་དེའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་སྟག་འབྲུག་རྟགས་མའི་བྱ་དགའ་ལེགས་སྐྱེས་སུ་བྱས་ནས་གློག་བརྙན་འདི་ལ་གནང་ཞིང་། དེས་འཛམ་གླིང་གི་གློག་བརྙན་པ་རྣམས་ཀྱིས་གློག་བརྙན་འདིར་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་བའང་མཚོན་ཐུབ་པ་རེད།
  འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་བཅར་འདྲིའི་ཁྲོད་གློག་བརྙན་འདིའི་སྒྲིག་བཟོ་བ་ལི་ཞུན་དང་བརྙན་སྟོན་ཀུང་ཟིས་ཁོང་ལ་ཡིད་ཆེས་དང་རོགས་སྐྱོར་གནང་ཚུལ་ཡང་དང་བསྐྱར་དུ་བཀའ་དྲིན་ཞུ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།