བོད་སྐད་ཀྱི་འགུལ་རིས་གློག་བརྙན《རྔོན་པ་དང་གདོན་འདྲེ》ཞེས་པ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-18 11:17:00 ཀློག་གྲངས།:


《རྔོན་པ་དང་གདོན་འདྲེ》ཞེས་པའི་པར་རིས།

              ཉེ་སྔོན། འཁྲབ་ཁྲིད་པ་ཆོས་རྒྱ་མཚོས་བགྲང་བྱ་གསུམ་གྱི་རིང་ལ་གསར་རྩོམ་བྱས་པའི《རྔོན་པ་དང་གདོན་འདྲེ》ཞེས་པ་ལེགས་འགྲུབ་བྱུང་། འགུལ་རིས་བརྙན་འཕྲིན་འདིའི་ནང་དུ་བོད་ཁམས་སུ་ས་ཁྱབ་རྡོ་བརྡལ་དུ་སོང་བའི་དམངས་ཁྲོད་གཏམ་རྒྱུད་ཅིག་བརྗོད་བྱར་བྱས་པ་སྟེ། རྔོན་པ་ཞིག་རི་དྭགས་རྔོན་དུ་འགྲོ་བའི་ལམ་བར་དུ་གདོན་འདྲེ་ཞིག་ལ་འཕྲད་པས། ཁོང་གདོན་འདྲེ་དེའི་ཟས་སུ་འགྱུར་ལ་ཁད་བྱས་པ་དང་། མཇུག་མཐར་འཇིགས་སྐྲག་ཆེན་པོ་དེ་ལས་ཐར་ནས་ངེས་ཤེས་སྐྱེས་པའི་བྱུང་རིམ་བརྗོད་ཡོད།


《རྔོན་པ་དང་གདོན་འདྲེ》ཞེས་པའི་པར་རིས།

《རྔོན་པ་དང་གདོན་འདྲེ》ཞེས་པའི་པར་རིས།

              བརྙན་འཕྲིན་འདིའི་ཁྲོད་འཁྲབ་ཁྲིད་པའི་བོད་ཀྱི་རིག་གནས་རྒྱབ་ལྗོངས་གཞིར་བྱས་ཐོག  སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས་པར་བརྒྱུད་དེང་དུས་ཀྱི་སྨྱན་བྱད་སྒྱུ་རྩལ་སྟེགས་བུའི་སྟེང་བརྙན་གཟུགས་ཀྱི་ཚུལ་དུ་སྔ་མོའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དེ་ཡང་བསྐྱར་མངོན་བྱུང་།
              བརྙན་འཕྲིན་དེའི་འཁྲབ་ཚིག་ཡོངས་གཏམ་རྒྱུད་ཀྱི་མཆེད་གནས་ཏེ་ཁམས་ཕྱོགས་ཤར་རྒྱུད་ཀྱི་དཀར་མཛེས་གྲོང་སྐད་ཀྱི་ལམ་ནས་བརྗོད་ཡོད་ཅིང་། དེའི་གླུ་གཞས་ནི་བོད་པའི་ དམངས་གླུ་དང་སྲོལ་རྒྱུན་གྱི་འབའ་ཐང་གི་པི་ཝང་རྒྱུད་གསུམ་མའི་གདངས་དབྱངས་གཙོར་བྱས་པ་དང་མཉམ་དུ། དེང་རབས་ཀྱི་རོལ་དབྱངས་ཁྱད་ཆོས་དང་བོད་ཁམས་ཀྱི་སྲོལ་རྒྱུན་དམངས་གླུ་ཟུང་སྦྲེལ་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།