མཚོ་སྔོན་གྱི་འགུལ་རིས་བརྙན་འཕྲིན《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པ་གཏོང་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-17 11:59:00 ཀློག་གྲངས།:


《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པའི་འགྲེམ་སྤེལ་པར་རིས།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་བརྡའི་འགུལ་རིས་འཕེལ་རྒྱས་ལྟེ་གནས་དང་ཁཱེ་ཞིན་འགུལ་རིས་ཀུང་ཟི་གཉིས་ཀྱིས་བརྩམས་པའི་མཚོ་སྔོན་ཞིང་ཆེན་གྱི་ལེའུ་ལྔ་ཅན་གྱི་འགུལ་རིས་བརྙན་འཕྲིན་ཐོག་མ《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པ་ཕབ་སྐྲུན་བྱས་ཚར་ནས་མཚོ་སྔོན་མི་རིགས་བརྙན་འཕྲིན་ཁང་གིས་གཏོང་འགོ་བརྩམས་ཤིང་། དེ་ལ་ན་ཆུང་བྱིས་པ་གཙོ་བྱས་པའི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
  རྒྱུས་ལོན་བྱུང་བ་ལྟར་ན《ཤེས་རབ་ཀྱི་ནོར་འཚོལ་བ》ཞེས་པ་ལེའུ་ལྔ་རུ་ཕྱེས་ཡོད་ལ། ལེའུ་རེར་སྐར་མ12དང་ལེའུ་ཡོངས་ཆུ་ཚོད1རིང་གི་གཏོང་ཚད་ཡོད་པ་རེད། བོད་རྒྱ་སྐད་གཉིས་ཀྱི་འགུལ་རིས་བརྙན་འཕྲིན་འདིས་མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་འགུལ་རིས་ཁོར་ཡུག་དང་བློ་གྲོས་ཀྱི་སྣང་བརྙན་བརྗོད་གཞིར་བཟུང་བ་དང་། ཡུལ་དེ་གའི་སྣོད་བཅུད་བཀོད་པ་དང་སྐྱེ་དངོས་ཀྱི་ཐོག་མའི་རྣམ་པ་རྨང་གཞི་བྱས་ནས་བརྩམས་པར་མ་ཟད། གྲུབ་ཆ་འདི་དག་ལ་བརྟེན་ནས་གཏམ་རྒྱུད་ཡོངས་ཕྲེང་ཐག་གཅིག་ལ་བསྟར་བ་ཇི་བཞིན་སྤྲོ་སྣང་དོད་པོ་ལྡན་པའི་བྱུང་བ་ཡོངས་རེ་རེ་བཞིན་བརྗོད་ཡོད།
  འགུལ་རིས་བརྙན་འཕྲིན་འདི་ཁྱབ་སྒྲོག་བྱེད་པའི་ཆེད་དུ་ལོ་སར་གྱི་སྐབས་སུ་ཞིང་ཆེན་མི་རིགས་སྐད་བརྡའི་འགུལ་རིས་འཕེལ་རྒྱས་ལྟེ་གནས་ཀྱིས་དྲིལ་སྒྲོག་རྒྱ་ཆེན་པོ་བྱས་པ་སྟེ། ཟི་ལིང་གྲོང་ཁྱེར་གྱི་མི་ཚོགས་འདུ་ས་དང་། སྤྱི་སྤྱོད་རླངས་འཁོར་སྟེང་གི་བརྙན་འཕྲིན། རིགས་སོ་སོའི་དུས་དེབ་སོགས་སུ་ཁྱབ་སྒྲོག་རྒྱ་ཆེན་པོ་བྱས་ནས་དྲིལ་སྒྲོག་གི་ཕན་ནུས་མངོན་སུམ་ཐོན།
  《ཤེས་རབ་ཀྱི་ནོར་འཚོལ་བ》བཏང་བ་དེས་མཚོ་སྔོན་ཞིང་ཆེན་དུ་རང་ས་གནས་ནས་བརྩམས་པའི་འགུལ་རིས་བརྙན་འཕྲིན་བརྩམས་ཆོས་མེད་པའི་སྟོངས་ཆ་བསྐངས་བས། མཚོ་སྔོན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་དང་བསྟོད་བསྔགས་ཐོབ། དེས་མཚོ་སྔོན་རིག་གནས་ཐོན་ལས་ཁྲོད་ཀྱི་འགུལ་རིས་ཐོན་ལས་ཀྱིས་འཕེལ་རྒྱས་ཀྱི་གོམ་པ་དང་པོ་སྤོས་པ་མཚོན་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།