བོད་ཀྱི་སློབ་འབྲིང་སློབ་མས《 དེ་རིང་། ཚར་ཐལ། 》ཞེས་པའི་བརྙན་ཐུང་ཞིག་ཕབ་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-17 10:16:00 ཀློག་གྲངས།:


བརྙན་ཐུང《 དེ་རིང་།  ཚར་ཐལ། 》ཞེས་པའི་པར་རིས།

            ཉེ་ལམ།  《 དེ་རིང་།  ཚར་ཐལ། 》ཞེས་པའི་བརྙན་ཐུང་ཞིག་ཕབ་སྐྲུན་བྱས་ཡོད་ཅིང་།   བརྙན་ཐུང་འདི་ནི་བོད་ཀྱི་སློབ་འབྲིང་སློབ་མ་འགས་དབྱར་གནང་གི་དུས་ཚོད་བེད་སྤྱད་དེ་ཕབ་པ་ཞིག་ཡིན་ལ།   བརྙན་ཐུང་གི་འཁྲབ་གཞུང་དང་འཁྲབ་སྟོན།  འཁྲབ་ཁྲིད་སོགས་ཁོ་ཚོ་རང་ཉིད་ཀྱིས་གཅིག་ལྕོགས་སུ་བཞེས་ཏེ་སྒྲུབ་པ་ཞིག་ཡིན། 


རྩྭ་ཐང་དང་སྦྲ་ནག་ཏུ་འཚོ་བའི་ང་ཚོ།

            བརྙན་ཐུང་འདིར་བོད་ཀྱི་འབྲོག་སྡེའི་ན་གཞོན་དག་གི་འཚོ་བའི་གནས་སྟངས་མངོན་སུམ་དུ་ཕབ་པ་བརྒྱུད་ནས།  ད་ལྟའི་དངོས་ཡོད་འཚོ་བའི་ཁྲོད་དུ་འབྲོག་པའི་ན་གཞོན་རྣམས་ཀྱིས་འབོར་བཞིན་པ་དང་ཤོར་བཞིན་པ་ནི་རྒྱུ་ནོར་ཁོ་ན་ཙམ་མ་ཡིན་པར།  བབ་ཆགས་པའི་གཤིས་ཀ་དང་མི་གཤིས་ཀྱི་མཛེས་སྡུག་མང་པོ་ཞིག་མར་མེ་སྣུམ་གྱིས་ཟས་པ་བཞིན་ཚར་བཞིན་པའི་གནས་སྟངས་ངོ་མ་ཞིག་མི་རྣམས་ཀྱིས་མིག་མདུན་དུ་བཀྲམ་ཅི་ཐུབ་བྱས་ཡོད། 


རྩྭ་ཐང་དུ་བསྐྱོད་པ། 

ཟུར་བཀོད། 

ལས་ཞུགས་མི་སྣ།
འཁྲབ་གཞུང་། འཁྲབ་ཁྲིད།     བསང་ཚེ་བཀྲ།
བརྙན་ལེན། སྒྲིག་སྦྱོར།    ས་འཇམ་དཔལ།
སྒྲ་ལེན།               ཨ་མཆོག་གཅོད་པ།
གཙོ་འཁྲབ།      འཕགས་པ་ཚེ་རིང་།   པདྨ་ཚེ་རིང་།   ཀླུ་བྷ།
ཡིག་སྒྱུར།                བློ་བཟང་ཚེ་རིང་།   ཚེ་རིང་རྣམ་རྒྱལ།  བསོད་ནམས་དོན་གྲུབ།
འཁྲབ་ཞུགས་པ།     རྣམ་རྒྱལ་ཚེ་རིང་།   རིན་ཆེན་སྒྲོལ་མ།  བཀྲ་ཤིས་ཕུན་ཚོགས།   
                           ལྷ་མོ་འཚོ།   དཀོན་མཆོག་སྐྱིད།   བཀྲ་ཤིས་སྒྲོལ་མ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།