གྲངས་ཉུང་མི་རིགས་ཀྱི་བྱིས་པའི་གློག་བརྙན«ཚེ་ལོ་ཡི་མཚོ་སྔོན་པོ»ཞེས་པ་བརྙན་ཕབ་བྱེད་འགོ་བརྩམས་པ།
ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། གྲངས་ཉུང་མི་རིགས་ཀྱི་བྱིས་པའི་གློག་བརྙན«ཚེ་ལོ་ཡི་མཚོ་སྔོན་པོ»ཞེས་པ་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་འགྲམ་རྒྱུད་ནས་བརྙན་ཕབ་བྱེད་འགོ་བརྩམས་པ་དང་། སྔོན་དཔག་བྱས་ན་གློག་བརྙན་དེ་ད་ལོའི་ཟླ་དགུ་པའི་ཟླ་སྨད་དུ་ཟི་ལིང་ནས་ཐོག་མར་སྟོན་ཐུབ་རྒྱུ་རེད།
གློག་བརྙན་དེའི་འཁྲབ་ཁྲིད་པས་མཚམས་སྦྱོར་བྱས་པ་ལྟར་ན། གློག་བརྙན་དེ་ཕབ་བསྐྲུན་བྱེད་པར་ལོ་གཉིས་ཀྱི་དུས་ཡུན་ནང་གྲ་སྒྲིག་བྱས་པ་དང་། དེ་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་གློག་བརྙན་ཞིག་ཡིན་ལ། མཚོ་སྔོན་པོའི་འགྲམ་རྒྱུད་དུ་འཚོ་བ་རོལ་པའི་ལོ་བཅུ་ཅན་གྱི་བོད་རིགས་བྱིས་པ་ཚེ་ལོ་བརྒྱུད་དེ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་མཚོ་སྔོན་པོ་མཐའ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ས་དེའི་འབྲོག་དམངས་ཀྱི་འཚོ་བར་གནམ་ས་བླ་ལོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་པ་མཚོན་ཞིང་། གློག་བརྙན་ནང་གི་འཁྲབ་སྟོན་མི་སྣ་ཚང་མ་མཚོ་སྔོན་གྱི་ཡིན་པ་དང་ཆེད་ལས་མི་སྣ་གཅིག་ཀྱང་མེད། ལྟ་མཁན་རྣམས་ཀྱིས་གློག་བརྙན་དེ་ལས་བོད་མི་རིགས་ཀྱི་གདོད་མའི་གླུ་གར་དང་བོད་མིའི་གྱོན་ཆས། མཛེས་ཤིང་ལྟ་ན་སྡུག་པའི་མཚོ་སྔོན་པོའི་དོན་དམ་གྱི་མཛེས་པ་བཅས་མངོན་པར་མཐོང་ཐུབ་ལ། རང་བྱུང་རི་ཆུ་ཡི་མཛེས་པས་མིའི་བརྩེ་བ་མཚོན་ཞིང་གློག་བརྙན་ཁྲོད་ཀྱི་མཛེས་སྡུག་གི་མཐོང་སྣང་རེ་རེས་བོད་མི་རིགས་ཀྱི་རིག་གནས་ཀྱི་གསོན་ཤུགས་མཚོན་པར་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com