དངོས་བྲིས་གློག་བརྙནཀྱི་བརྙན་ཡིག་འགྲུབ་ལ་ཉེ་བ།
གློག་བརྙན<<ཁྱིམ་གཞིས>>
ལོ་ངོ་དུང་ཕྱུར40ཡི་འཕེལ་འགྱུར་ཁྲོད་དུ། སའི་གོ་ལ་འདི་སྐྱེ་དངོས་སྣ་མང་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ངོ་མཚར་གྱི་འཇིག་རྟེན་ཞིག་ཏུ་གྲུབ་ཡོད་ནའང་། འགྲོ་བ་མིའི་རིགས་བྱུང་པའི་རྗེས་ཀྱི་ལོ་ངོ་འབུམ2ཙམ་གྱི་ནང་དུ། གོ་ལ་ཟླུམ་པོའི་ཐོན་ཁུངས་རིན་པོ་ཆེ་འཛད་དུ་བཅུག་ཅིང་། སྐྱེ་དངོས་དཀོན་ནོར་དུ་གྱུར་བ་དག་གི་རྒྱུད་བཅད་དོ། ། འབག་བཙོག་ཉིན་རེ་ལས་ཉིན་རེ་ཇེ་སྡུག་ཡིན་པའི་དུས་སྐབས་འདིར། མིའི་རིགས་དང་གོ་ལ་ཟླུམ་པོ་འདི་ལམ་ག་འདྲ་ཞིག་ཏུ་འགྲོ་སྲིད་དམ།
གློག་བརྙན<<ཁྱིམ་གཞིས>>
གློག་བརྙན<<ཁྱིམ་གཞིས>>། འདི་ནི་ད་ལོའི་བརྩམས་ཆོས་གཉིས་པ་ཡིན།
འཁྲབ་ཁྲིད་པYann Arthusལགས་ཀྱིས་ལོ15ཡི་རིང་གྲ་སྒྲིག་མཛད་ཅིང་། རྒྱལ་ཁབ50ལྷག་ལ་ཕེབས་ཏེ་གློག་བརྙན་འདི་ཡོངས་འགྲུབ་བྱེད་པར་བརྩོན་ལ། དགེ་ལེགས་ཀྱིས་ལོ་ཙཱའི་འགན་བཞེས་པ་རེད། འདི་ནི་བོད་བརྙན་ཡིག་ཚོགས་པའི་ད་ལོའི་བརྩམས་ཆོས་གཉིས་པ་ཡིན། རྒྱུ་ཆའི་རིང་ཚད་ལ་ཆུ་ཚོད488ཡོད་པར་ཟླ21ལ་བརྙན་ཕབ་གནང་ཞིང་། ལས་བཟོ་བ88000ལྷག་ཞུགས་ཡོད། ཨོ་གླིང་མཚོ་ཞབས་ཀྱི་བྱུ་རུའི་བྲག་རྡོ་ནས་ཧྥེ་གླིང་ཁེན་ཡཱ་མཐོ་སྒང་གི་རི་བོ་ཁི་ལི་མཱ་ཅ་རོKilimanjaroབར་དང་། ཡ་མ་ཟོན་ཚ་བའི་ཆར་ཁུལ་ནས་མྱ་ངམ་ཐང་གི་བར། ཨ་རིའི་ཐྲེ་ཁཱི་ཟ་ཟིTexasམངའ་སྡེའི་སྲིང་བལ་ཞིང་ཁ་ནས་ཀྲུང་གོའི་ཧྲང་ཧེ་དང་ཧྲིན་ཀྲིན་གྱི་བཟོ་ལས་གྲོང་སྡེའི་བར་གཟུགས་སུ་བསྟན་ཏེ། ས་ལྒང་རིལ་རིལ་འདིའི་མཛེས་སྡུག་དང་ཉེན་ཁའི་གནས་བབ་རྗེན་པར་ཕབ་ཡོད།
ཞར་བཀོད།
བྱ་དགའ་ཐོབ་ཚུལ།
2009ལོར།
Australian Cinematographers Society(Victoria Tasmania Gold Award) Wildlife Nature
2010ལོར།
ཁེ་ཟཱ་བྱ་དགའ། Best ry (Meilleur film ire)
࿋ བོད་འགྱུར་གྱི་མིང་། 《ཁྱིམ་གཞིས》
࿋ མ་བརྙན་གྱི་མིང་། Home
࿋ རྒྱ་འགྱུར་གྱི་མིང་། 《家园》
࿋ རྒྱལ་ཁབ། ཧྥ་རན་སི།
࿋ བརྙན་རིགས། དངོས་བྲིས་གློག་བརྙན།
࿋ གློག་བརྙན་འགྲེམ་དུས། 2009
࿋ བརྙན་ཡིག་ཡིག་རིགས། བོད་ཡིག
࿋ བརྙན་ཡིག་ཡོང་ཁུངས། བོད་ཡིག་བརྙན་ཡིག་ཚོགས་པ།
࿋ བརྙན་ཡིག་རྣམ་གཞག SRT ASS
࿋ བརྙན་ཡིག་འགྲེམ་དུས། 2011
࿋ གློག་བརྙན་གྱི་རིང་ཚད། སྐར་མ118།
࿋ འཁྲབ་ཁྲིད་པ། ཡཱོན་ཨ་ཟི Yann Arthus
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com