༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》ཞེས་པ2021ལོར་འཁྲབ་སྟོན་ཐོག་མ་བྱས་པ།

རྩོམ་པ་པོ།:ཀླུ་མོ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-04-13 16:42:56 ཀློག་གྲངས།:
པར་འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》ཞེས་པའི་ནང་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོས་གཉེན་སྒྲིག་བྱེད་པའི་རྣམ་པ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
      ཟླ4པའི་ཚེས10ཉིན་གྱི་དགོང་མོར། དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》ཞེས་པ་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་རྒྱ་བཟའ་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཁང་དུ2021ལོར་འཁྲབ་སྟོན་ཐོག་མ་བྱས་པ་རེད།《རྒྱ་བཟའ་ཀོང་ཇོ》ཞེས་པའི་ནང་ལོ་ངོ1300ལྷག་ཙམ་གྱི་གོང་དུ་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་གཉེན་སྒྲིག་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་དང་། ཟློས་གར་ཧྲིལ་པོར་འཁྲབ་སྟོན་པ་དང་ལས་བྱེད་མི་སྣ་བསྡོམས་པས800ལྷག་ཙམ་ཡོད་པ་རེད། ཆེད་གཉེར་འཁྲབ་སྟོན་པ་མ་གཏོགས་བོད་རིགས་ཀྱི་རོང་འབྲོག་པ་མང་པོ་ཞིག་འཁྲབ་སྟོན་ནང་ཞུགས་ནས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཀྱི་འབབ་སྒོ་འཕར་བར་སྐུལ་འདེད་ནུས་ལྡན་ཐོབ་ཡོད།
པར་འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》ཞེས་པའི་ནང་རྒྱ་བཟའ་ཀོང་ཇོས་མཐོ་སྒང་གི་ས་གཞིའི་སྟེང་ས་བོན་འདེབས་པའི་རྣམ་པ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
པར་འདི་ནི་འཁྲབ་སྟོན་པས་དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།