ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > ༄༅།།གློག་བརྙན་ཐུང་གྲས《ས་མཐོའི་རྔ་སྒྲ》ཞེས་པ་དངོས་སུ་གཏང་འགོ་བརྩམས།
༄༅།།གློག་བརྙན་ཐུང་གྲས《ས་མཐོའི་རྔ་སྒྲ》ཞེས་པ་དངོས་སུ་གཏང་འགོ་བརྩམས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2021-05-26 09:22:12
ཀློག་གྲངས།:

གློག་བརྙན་ངོ་སྤྲོད།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཇུས་འདོན་འོག མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་ཕབ་སྐྲུན་བྱས་པ་དང་། ཀྲུང་གོ་བོད་ཀྱི་དྲ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་། ཞིན་ཧེ་རྫོང་ཨུ་དྲིལ་སྒྲོག་པུའུ། ཞིན་ཧེ་རྫོང་འབྲོང་ཐུས་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་གནང་བའི་གློག་བརྙན་ཐུང་གྲས《ས་མཐོའི་རྔ་སྒྲ》ཞེས་པ་དེ་རིང་དངོས་སུ་བཏང་བ་ཡིན།གློག་བརྙན་འདིའི་ནང་ཕྱི་འགྲིམ་སློབ་མ་ཞིག་གི་མཐོང་སྣེ་བརྒྱུད་དེ། དབུལ་ཐར་འགག་སྒྲོལ་བྱས་པ་ལས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཐད་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་གྲོང་གསེབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་མང་ཚོགས་ཡིད་ཆེས་ཀྱིས་ཁེངས་ཡོད་པ་བསྟན་ཞིང་། ཕྱི་འགྲིམ་སློབ་མས་ཕ་ཡུལ་ནས་ལས་རིགས་གསར་གཏོད་བྱེད་པར་སྐབས་གླགས་མང་པོ་ཡོད་པ་ཤེས་རྗེས།ཕྱི་རྒྱལ་དུ་མི་འགྲོ་བའི་བློ་ཐག་བཅད་དེ་ཕུ་བོ་དང་ལྷན་དུ་ཕ་ཡུལ་གྱི་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུའི་འདོད་བློ་མཚོན་པར་བྱས་ཡོད་ལ། གློག་བརྙན་འདི་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ཕུལ་བའི་ལེགས་སྐྱེས་ཡིན། །






འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།