«ཉི་འོད་ཀྱི་གྲོང་ཁྱེར»ཞེས་པ་ལྷ་སར་ཕབ་སྐྲུན་བྱེད་འགོ་བརྩམས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2023-06-21 10:13:35 ཀློག་གྲངས།:
       ཟླ6པའི་ཚེས18ཉིན། བོད་ལྗོངས་ཀྱི་དངོས་ཡོད་རིང་ལུགས་བརྗོད་གཞིའི་མུ་འབྲེལ་བརྙན་འཕྲིན་ཟློས་གར«ཉི་འོད་ཀྱི་གྲོང་ཁྱེར»ཞེས་པ་དེ་ལྷ་སར་དངོས་སུ་ཕབ་སྐྲུན་བྱེད་མགོ་བརྩམས་པ་རེད།
       «ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་ནང་དུ་མི་སྣ་བསོད་ནམས་ཀྱིས་ཚབ་མཚོན་དུ་བྱས་པའི་ན་གཞོན་དྲུག་གིས་བོད་ལྗོངས་ཀྱི་ས་གཞི་ཆེན་མོའི་ཐོག་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཆེད་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། ཁོང་ཚོའི་ཁྲོད་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཡོད་ལ་ཐག་རིང་ནས་ཡོང་བའི་ཕུགས་འདུན་དོན་གཉེར་བྱེད་མཁན་ཡང་ཡོད། ཉིན་རེ་བཞིན་རྣམ་པ་གསར་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གྲོང་ཁྱེར་ལྷ་སར་ཁོང་ཚོའི་འགྲན་སློང་དང་རེ་བས་ཁེངས་པའི་འཚོ་བ་ལས་དེང་རབས་བོད་ལྗོངས་ཀྱི་གཞོན་ནུ་འབད་འཐབ་པའི་ཉམས་འགྱུར་དང་ཕུགས་བསམ་གྱི་སྤྲོ་སེམས་རེ་རེ་བཞིན་མངོན་ཡོད།
       རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བརྙན་འཕྲིན་འཁྲབ་ཚན་སིའི་སི་ཀྲང་གཞོན་པ་དབྱང་ཀྲེང་ཕབ་སྐྲུན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཁོང་གིས། «ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་ནི་དུས་རབས་གསར་པའི་བོད་ལྗོངས་མི་དམངས་ཀྱི་འཚོ་བ་མཚོན་པའི་བརྙན་འཕྲིན་འཁྲབ་ཚན་གལ་ཆེན་ཞིག་རེད། འཁྲབ་ཚན་ཚོགས་ཆུང་གིས་རྒྱལ་སྤྱིའི་བརྒྱུད་བསྒྲགས་འདུ་ཤེས་འཛུགས་པ་དང་། དེང་རབས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ས་མཐོའི་མི་དང་རང་ཉིད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས།
       བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའོ་ཁེན་གྱིས། དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་རྒྱབ་སྐྱོར་དང་འགན་ལེན་ནུས་ལྡན་བྱས་ནས་བོད་ལྗོངས་ཀྱི་རི་ཀླུང་གི་མཛེས་པ་དང་། མི་ཆོས་ཀྱི་མཛེས་པ། མི་རིགས་ཀྱི་མཛེས་པ། མཐུན་སྒྲིལ་གྱི་མཛེས་པ། འབད་འཐབ་ཀྱི་མཛེས་པ། འཕེལ་རྒྱས་ཀྱི་མཛེས་པ་བཅས་མཚོན་ཡོད་པས་ཚང་མས་རྩེར་སོན་གྱི་བརྩམས་ཆོས་ཤིག་གསར་རྩོམ་བྱས་ནས་བོད་ལྗོངས་ཀྱི་ཆེད་དུ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།
       ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཧུའུ་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་བཅས་ཡིན་པའི་ཧོ་ཧུའེ་ཡིས། དེང་རབས་བོད་ལྗོངས་ཀྱི་ན་གཞོན་ཚོས་ཕུགས་བསམ་དོན་གཉེར་བྱེད་པའི་སྐོར་བཀོད་པའི«ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། དེས་བོད་ལྗོངས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཕུགས་བསམ་དང་སྤྲོ་སེམས་ཀྱིས་ཁེངས་པའི་གསོན་ཉམས་དོད་པའི་རྣམ་པ་མཚོན་ཡོད་ཅེས་གསུངས།
       ཇི་ལྟར་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གཏམ་རྒྱུད་ཡག་པོ་ཞིག་བཀོད་དགོས་སམ། ངོ་སྤྲོད་བྱས་པར་གཞིགས་ན། «ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་གྱི་གཙོ་གཏོད་ཚོགས་པས“མི་དམངས་ཁྲོད་གཞི་ཚུགས་པ་དང་འཚོ་བར་གཞི་ཚུགས་པའི”གསར་རྩོམ་གྱི་རྣམ་འགྱུར་བཟུང་ནས་ལྷ་སའི་ཆུས་གསུམ་དང་རྫོང་ལྔ་ལ་བསྐྱོད་དེ་བཅར་འདྲིའི་ཟིན་བྲིས་ཡིག་འབྲུ་ཁྲི100ལྷག་ཙམ་ཟིན་པ་བྲིས་ཡོད། འཚོ་བའི་ནང་ཧུར་ཐག་ཞུགས་པའི་རྨང་གཞིའི་ཐོག་གསར་གཏོད་མཁན་གཙོ་བོ་ཚོས་བཟོ་བཅོས་མང་པོ་བརྒྱབ་རྗེས«ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་དེ་སྔོན་མ་དང་གཏན་ནས་མི་འདྲ་བར། མི་རིགས་རིག་གནས་ཀྱི་དབྱེ་འབྱེད་ཚད་ཀྱིས་ཁེངས་པའི་དེང་རབས་གྲོང་ཁྱེར་ཟློས་གར་གྱི་རྣམ་པ་གསར་པ་ཞིག་བསྐྲུན་ནས་འཁྲུག་ཆ་དོད་པའི་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་ཕུན་སུམ་ཚོགས་ལ་ཆ་ཚང་བའི་དེང་རབས་བོད་ལྗོངས་བརྒྱུད་བསྒྲགས་དང་། གཙོ་རྒྱུན་གྱི་ལྟད་མོ་བའི་བརྩེ་སེམས་མཚོན་པར་བྱེད་པ། མི་སྣ་ཆུང་ངུ་འཚར་ལོངས་ཡོང་བ་བྱེད་པ། བོད་ལྗོངས་ཀྱི་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་སྟབས་བདེ་དང་། ལྷད་མེད། དྭངས་གཙང་། ཟོལ་མེད་བཅས་ལྡན་པའི་འཚོ་བ་སྐྱེལ་སྟངས་མཚོན་པ་བྱས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེ་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གནད་ཐོག་མཛུབ་ཁྲིད་བྱས་པ་དང་། ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ལྷན་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་ཐོག་ཕབ་སྐྲུན་བྱས་པ། ཧུའུ་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་དང་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་རྒྱབ་སྐྱོར་བྱས་པ། ཧུའུ་ནན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ་དང་མང་ཀོTVཡིས་བཟོ་སྐྲུན་བྱས་པ་དང་། བོད་ལྗོངས་ཅིན་ཕིང་ཡོན་རིག་གནས་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་འབྲེལ་ཐོག་བཟོ་སྐྲུན་བྱས་པ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།