ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > ཁྲིམས་བརྗོད་གློག་བརྙན་ཐུང་གྲས«འཁོར་འགྲོས་དང་ཆག་སྒོ»ཞེས་པའི་ཕབ་སྐྲུན་མཛད་སྒོ་བསྡུས་པ།
ཁྲིམས་བརྗོད་གློག་བརྙན་ཐུང་གྲས«འཁོར་འགྲོས་དང་ཆག་སྒོ»ཞེས་པའི་ཕབ་སྐྲུན་མཛད་སྒོ་བསྡུས་པ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-26 16:45:45
ཀློག་གྲངས།:
“བརྒྱད་ལྔའི”ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བའི་འཆར་གཞི་ལས། “སྨྱན་བྱད་གསར་པར་ཤུགས་སྣོན་དང་ལག་རྩལ་གསར་པ་ཉེར་སྤྱོད་བྱེད་པའི”བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ། བརྙན་ཐུང་སོགས་ཀྱི་བྱེད་ཐབས་སྤྱུད་དེ་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་བར་ཤུགས་སྣོན་བྱ་ཆེད་མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་ཡི་ཁྲིམས་བརྗོད་གློག་བརྙན་ཐུང་གྲས་ལས་ཁག་གཉིས་པ«འཁོར་འགྲོས་དང་ཆག་སྒོ»ཞེས་པའི་ཕབ་སྐྲུན་མཛད་སྒོ་དེ་ཁྲིམས་འཛིན་ཅུའུ་གཞུང་ལས་ཐོག་ཁང་གི་མདུན་དུ་བསྡུས། མཛད་སྒོའི་སྟེང་ལས་ཁུངས་དེ་གའི་ལས་བྱེད་མི་སྣ་དང་འཁྲབ་སྟོན་མི་སྣ་ཉི་ཤུ་ལྷག་མཉམ་ཞུགས་བྱས།
ཆང་བཏུང་ནས་བཟི་རྗེས་རླངས་འཁོར་བསྐོར་བ་ནི་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་རྒྱུན་བྱུང་གི་སྣང་ཚུལ་ཞིག་ཡིན། བརྙན་ཐུང་འདིའི་ནང་གི་མི་སྣ་གཙོ་བོ་ཟླ་བ་དང་གཡང་བྱམས་གཉིས་ཀྱིས་ཆང་བཏུང་ནས་བཟི་རྗེས་གཞན་གྱིས་ཁར་མི་ཉན་པར་རླངས་འཁོར་བསྐོར་སྐབས་ལམ་བར་དུ་མི་ཤི་སྐྱོན་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས། ཟླ་བ་ཡུལ་དངོས་ནས་བྲོས་བྱོལ་བྱས་པ་དང་ཁོའི་ཕུ་བོ་མགོན་པོས་དོན་རྐྱེན་ཡོད་ཚད་འགན་གཙང་ལེན་བྱས། ཡིན་ཡང་མཐའ་མར་ཁྲིམས་ཀྱི་རྒྱ་ཁ་ནས་ཁོ་ཚོ་གང་དུའང་ཐར་མ་ཐུབ་པར་བཙན་ཉར་དང་གཞུང་ཕྱོགས་ཀྱི་ལས་གནས་ལས་ཕྱིར་ཕུད་བྱེད་དུ་བཅུག་པ་སོགས་བརྗོད་ཡོད།
ཁྲིམས་སྐྱོང་མཚོ་ལྷོ་དང་དུས་བདེའི་མཚོ་ལྷོ་འཛུགས་སྐྱོང་བྱ་ཆེད། རྗེས་མར་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བའི་གློག་བརྙན་འདི་འདྲ་མུ་ནས་ཕབ་སྐྲུན་བྱ་འཆར་ཡོད་པ་དང་། ཐེངས་འདིའི་གློག་བརྙན་ཐུང་གྲས«འཁོར་འགྲོས་དང་ཆག་སྒོ»ད་ལོའི་སྤྱི་ཟླ7པའི་ཚེས20ཉིན་དངོས་སུ་གཟིགས་འབུལ་ཞུ་འཆར་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70འཁོར་བར་ལེགས་སྐྱེས་སུ་ཕུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།