ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > འགུལ་རིས་གློག་བརྙན«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»དང་དེའི་འཁྲབ་གཞུང་གི་སྐོར།
འགུལ་རིས་གློག་བརྙན«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»དང་དེའི་འཁྲབ་གཞུང་གི་སྐོར།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-08-30 09:05:50
ཀློག་གྲངས།:
“ཁོ་ནི་ང་ཚོ་ཀྲུང་གོ་པ་རང་ཉིད་ཀྱི་དཔའ་བོ་ཞིག་ཡིན”པ་དང“གེ་སར་རྒྱལ་པོའི་རྒྱུད་འཛིན་ཇི་བཞིན་ང་ཚོས་ནམ་ཡང་དེ་ཉིད་མཚམས་འཇོག་མི་རུང”། “འབད་བརྩོན་ལ་བརྟེན་ནས། མི་གཅིག་ཡིན་རུང་དེར་གེ་སར་རྒྱལ་པོ་ཤེས་སུ་བཅུག་ཚེ། ང་ཚོའི་ལས་འགན་གྲུབ་པ་ཡིན”ཞེས་གློག་བརྙན«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»ཡི་འཁྲབ་གཞུང་རྩོམ་པ་པོ་ལུའུ་ཝུའུ་ནན་གྱིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ལོ་རྒྱུས་སྙན་རྩོམ«གེ་སར་རྒྱལ་པོའི»རྒྱུད་འཛིན་གཏམ་རྒྱུད་ཞིབ་བརྗོད་བྱས།
(དང་པོ།) ལོ་ངོ་སྟོང་ལྷག་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བའི་གེ་སར་རྒྱལ་པོ་ནི་སུ་ཡིན་ནམ།
ངག་རྒྱུན་ཁྲོད་ཀྱི་གེ་སར་རྒྱལ་པོའི་མིང་ལ་ཇོ་རུ་ཟེར་ཞིང་། བོད་རིགས་མི་དམངས་ཀྱིས་ང་རྒྱལ་དུ་རློམ་པའི་དཔའ་བོ་ཞིག་ཡིན། ལུའུ་ཝུའུ་ནན་གྱིས་བཤད་རྒྱུར། “ཁོ་ནི་ང་ཚོ་ཀྲུང་གོ་པ་རང་ཉིད་ཀྱི་དཔའ་བོ་ཞིག་ཡིན”པ་དང་། འགུལ་རིས་གློག་བརྙན«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»ཡིས། གཙོ་བོ་ཇོ་རུས་རྟ་རྒྱུག་རྒྱལ་འཇོག་བྱས་ནས་གླིང་གི་གསེར་ཁྲིར་མངའ་གསོལ་བའི་གཏམ་རྒྱུད་བརྗོད་ཡོད་ལ། ཁོས་མཚམས་སྦྱོར་བྱེད་རྒྱུར། ཇོ་རུས་ཐོག་དང་པོར་ཁོ་རང་དཔའ་རྟུལ་ཞིག་བྱེད་རྒྱུའི་དམ་བཅའ་མེད་ན་ཡང་། བཙན་པོའི་གཉའ་གནོན་དང་དབུལ་པོའི་མཐའ་སྐྱོང་གི་ལས་དོན་དེ་དག་ནི་ཁོ་བོའི་ཕྲག་ལ་བབས་པའི་འགན་འཁྲི་ཞིག་ཏུ་བསམ་ནས་བསྒྲུབས་པ་ལ། མཐའ་འཁོར་གྱི་མི་དམངས་ཀྱིས་རིམ་བཞིན་ཁོ་རང་དཔའ་བོར་བརྩི་བ་རེད་ཟེར། ཁོས་འདིའི་རྒྱབ་ལོགས་སུ་མངོན་པ་ནི་མི་ཞིག་གི་འགན་འཁྲི་དང་ཁག་ཁུར་དང་དུ་བླངས་ཚེ། ནར་སོན་གྱི་གོ་རིམ་ཁྲོད་རྨོངས་གཉིད་ལས་སད་ཁོ་ཐག་ཡིན་པར་འདོད། ལུའུ་ཝུའུ་ནན་གྱིས། གྲོགས་པོ་ཆུང་ཆུང་ཚོར་གློག་བརྙན་ལ་བལྟས་རྗེས་སེམས་སུ་དཔའ་བོའི་འདུན་པ་ཞིག་བསྐྱེད་དེ། ཀྲུང་གོའི་དཔའ་བོའི་སྙིང་སྟོབས་མུ་མཐུད་དུ་རྒྱུད་འཛིན་བྱེད་དུ་འཇུག་པ་དང་། ལྷག་པར་དུ་རྒྱལ་ཁབ་ལ་མཁོ་གལ་ཆེ་བའི་སྐབས་སུ། ཇོ་རུ་ལྟར་དཀའ་བ་གདོང་གིས་བསུ་ཐུབ་པའི་སྙིང་སྟོབས་ལྡན་རྒྱུའི་རེ་བ་ཡོད་ཟེར།
(གཉིས།) གེ་སར་རྒྱལ་པོའི་གཏམ་རྒྱུད་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་དོན་ཅི་ཡིན།
གལ་ཏེ་སྒྲུང་གཏམ་འདི་དག་ངག་ཐོག་ནས་རྒྱུན་འཛིན་བྱས་མེད་ཚེ། སྐབས་དེའི་མི་རྣམས་ཀྱི་འཚོ་བའི་གནས་ཚུལ་དང་མིའི་འབྲེལ་འདྲིས་གནས་ཚུལ། སྐད་ཆའི་སྒྱུ་རྩལ་སོགས་ནི་ད་ལྟར་ཤེས་རྟོགས་བྱེད་ཐབས་བྲལ་བ་ཡིན་ཞེས་ལུའུ་ཝུའུ་ནན་གྱིས་བཤད་པ་དང་། གེ་སར་རྒྱལ་པོའི་གཏམ་རྒྱུད་ཀྱི་སེམས་འགུལ་ཐེབས་པའི་ངག་རྒྱུན་ཤིན་ཏུ་མང་མོད། འོན་ཀྱང་ཁོ་རང་ལ་སེམས་སྐྱེད་ཐེབས་སུ་བཅུག་པ་ནི་ཇོ་རུའི་མཐའ་འཁྱོངས་ཀྱི་སྙིང་སྟོབས་དེ་ཡིན་ལ། “ཇོ་རུས་དོན་དག་ཅི་ཞིག་བསྒྲུབས་ཀྱང་འདོར་སྐྱུར་གཏན་ནས་བྱེད་མི་སྲིད་དེ། བདེན་དོན་ཐད་ལ་ཕྱིར་བཤོལ་མི་བྱེད་པར་མདུན་དུ་བསྐྱོད་ངེས་ཤིང་། དཀའ་སྡུག་མང་པོ་ཕྲག་ཏུ་བླངས་ནས་མཚར་ཉམ་ས་ཀྱིས་ཡོད་ཚད་ལ་གདོང་གཏོད་པ་ཡིན”ཞེས་སྨོན་པ་བསྐྱེད་པ་དང་། “གལ་ཏེ་ཁྱེད་རང་བོད་ཡུལ་གྱི་མཐོ་སྒང་འདིར་དངོས་སུ་སླེབས་ཏེ། གངས་ལྗོངས་ཀྱི་ཡུལ་འདིར་ཞབས་ཀྱིས་བཅགས་ནས། གེ་སར་གྱི་གཏམ་རྒྱུད་ལ་ཡང་བསྐྱར་ཕྱིར་དྲན་བྱས་ཚེ། ད་གཟོད་ཁོ་རང་གི་མཛད་རྗེས་ནི་བླ་ན་མེད་པ་དང་དཀའ་བའི་སྡུག་བསྔལ་ལ་ཤེས་རྟོགས་བྱེད་ཐུབ་ངེས་ཡིན”ཟེར།
(གསུམ།) གེ་སར་རིག་གནས་ཇི་ལྟར་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་སམ།
«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»ཡིས་ཆེས་ཐོག་མར་གེ་སར་རྒྱལ་པོའི་གཏམ་རྒྱུད་དེ་བརྙན་རིས་སུ་ཕབ་པ་ཡིན་ཞེས་ལུའུ་ཝུའུ་ནན་གྱིས་བཤད་པ་དང་། འདི་ནི་ཐོག་དང་པོའི་འཇུག་སྒོ་ཤིག་ཡིན་ཏེ། མི་སྔར་ལས་མང་པོ་ཞིག་ལ་ཐད་ཀར་དུ་གེ་སར་རྒྱལ་པོ་ཤེས་རྟོགས་བྱེད་དུ་འཇུག་ཐུབ་པས་ཡིན་ཟེར། གློག་བརྙན་འདིར་བལྟས་རྗེས། མི་མང་པོ་ཞིག་གིས་དཔེ་ཆ་དང་ཡུལ་སྐོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གེ་སར་རྒྱལ་པོ་དང་གེ་སར་རིག་གནས་ལ་རྒྱུས་ལོན་བྱ་རྒྱུའི་རེ་བ་ཡོད་ལ། “གེ་སར་རྒྱལ་པོའི་རྒྱུད་འཛིན་ཇི་བཞིན་ང་ཚོས་ཀྱང་དེ་མཚམས་འཇོག་མི་རུང་ལ་ཆད་ལུས་སུ་འགྱུར་བར་བྱེད་མི་རུང”པར་འདོད། ཁོས་བསམ་པར། དུས་རབས་གསར་བར་སླེབས་པས། ང་ཚོས་དེང་རབས་ཀྱི་བྱེད་ཐབས་ལ་བརྟེན་ནས་གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་དགོས།འགུལ་རིས་གློག་བརྙན«དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»ཕབ་སྐྲུན་བྱས་པ་དེ་ནི། ལུའུ་ཝུའུ་ནན་གྱིས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རིག་གནས་རྒྱུད་འཛིན་བྱས་པ་ཞིག་ཡིན་ཞིང་། ཁོ་ལ་མི་སྔར་ལས་མང་པོ་ཞིག་གེ་སར་རིག་གནས་ལ་དུངས་བར་བྱེད་པ་དང་དེ་རྒྱུད་འཛིན་བྱེད་རྒྱུའི་རེ་བ་ཡོད། “གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་ལོ་རྒྱུས་ཁྲོད། «དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ»ནི་གྲུབ་འབྲས་ཆུང་ངུ་ཞིག་ཏུ་བརྩི་ཐུབ་པ་ལ་ང་རང་ཧ་ཅང་ཡིད་ཚིམས་ཡོད་དེ། མི་གཅིག་ཡིན་རུང་དེར་གེ་སར་རྒྱལ་པོ་ཤེས་སུ་བཅུག་ཚེ། ང་ཚོའི་ལས་འགན་གྲུབ་པ་ཡིན”ཟེར། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།