གློག་བརྙན«ཨ་ཕའི་གྲི»ཞེས་པ་ཚེས10ཉིན་རྒྱལ་ཡོངས་ནས་སྟོན་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་བོད་སྐད་རླུང་འཕྲིན། དུས་ཚོད།:2025-01-10 08:55:47 ཀློག་གྲངས།:
       སྤྱི་ལོ2025ལོའི་ཟླ1པོའི་ཚེས7ཉིན། «ཨ་ཕའི་གྲི»ཞེས་པའི་གློག་བརྙན་ཁྲེང་ཏུའུ་ཅིན་ཉུའུ་ཆུས་ཅིན་ཧྲི་ཧྭ་དབྱི་རྒྱལ་སྤྱིའི་གློག་བརྙན་ཁང་ནས་གཟིགས་འབུལ་མཛད་སྒོ་སྤེལ།
       གློག་བརྙན་བརྩམས་ཆོས་འདིའི་ནང་གི་བོད་གྲིའི་བཟོ་རྩལ་གྱི་རྒྱུན་འཛིན་མཁན་མི་རབས་ལྔ་པ་རྡོ་རྗེ་ནི་གྲིའི་བཟོ་ལག་རྩལ་ལ་བརྟེན་ནས་སྐད་གྲགས་རྒྱས་པ་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། དགུང་ལོ་ཇེ་མཐོར་སོང་བ་དང་བསྟུན་ནས་ཁོས་བོད་གྲི་བཟོ་བའི་ལག་རྩལ་དེ་རང་གི་བུ་བཀྲ་དབང་ལ་རྒྱུན་འཛིན་བྱེད་དུ་འཇུག་འདོད་ཡོད་མོད། འོན་ཀྱང་བཀྲ་དབང་གིས་སློབ་ཆེན་ལ་རྒྱུགས་འཕྲོད་ཡོད་པས་སྲོལ་རྒྱུན་གྱི་ལག་རྩལ་དེ་ཉིད་རྒྱུན་འཛིན་བྱེད་འདོད་མེད་ལ། ཕ་བུའི་བར་ལ་འགལ་བ་བྱུང་ནས་མཐར་བཀྲ་དབང་རང་ཁྱིམ་དང་ཁ་བྲལ་བ་དང་། ཤུལ་དུ་རྡོ་རྗེ་རི་སྐྱེས་སྲོག་ཆགས་ལྐོག་གསོད་ཀྱི་ཚོགས་པ་ཞིག་དང་ཐུག་སྟེ་རྐྱེན་ལམ་དུ་ཤོར་ཡོད། དོན་རྐྱེན་དེ་བྱུང་རྗེས། བཀྲ་དབང་གིས་ཨ་ཕའི་སེམས་འདུན་གྱི་ཆེད་དུ་ཕྱིར་རང་ཡུལ་དུ་ལོག་ནས་བོད་གྲིའི་བཟོ་གྲྭ་ཞིག་ཕྱེས་ཏེ། ཕ་མེས་ཀྱི་སྲོལ་རྒྱུན་ལག་རྩལ་དེ་རྒྱུན་འཛིན་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
       བོད་ཀྱི་གློག་བརྙན«ཨ་ཕའི་གྲི»ཞེས་པ་དེ་སྤྱི་ཟླ1པོའི་ཚེས10ཉིན་ནས་བཟུང་རྒྱལ་ཡོངས་སུ་སྟོན་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།