འགོག་ཁབ་དྲིལ་སྒྲོག་གཞས་ར།
རྩོམ་པ་པོ།:གསང་བདག་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-08 11:46:00
ཀློག་གྲངས།:
བྱིས་པའི་ཁྱིམ་བདག་གླུ་ལ་ཉོན།།
སྔོན་འགོག་ཤེས་བྱ་སེམས་ལ་ཟུང་།།
གཅེས་ཕྲུག་བདེ་ཐང་ཡིན་འདོད་ན།།
ངེས་པར་རྒྱུན་དུ་སྔོན་འགོག་གཅེས།།
སྔོན་འགོག་གོ་རིམ་རེའུ་མིག་ལྟར།།
འགོག་ཁབ་རྒྱག་རྒྱུ་ཆད་མི་ཉན།།
སྐྱེས་མ་ཐག་ནས་མཆིན་ཁབ་རྒྱོབ།།
མ་བུའི་བརྒྱུད་འགོས་མྱུར་གྱིས་གཅོད།།
དཔུང་པ་གཡོན་ལ་འགོག་ཁབ་རྒྱོབ།།
གློ་བའི་འགོས་ནད་མྱུར་དུ་འཇོམས།།
ཟླ་གཅིག་རྗེས་ནས་མཆིན་པའི་ཁབ།།
སླར་ཡང་རྒྱག་དགོས་དུས་མ་བརྗེད།།
ཟླ་བ་གཉིས་པར་བྱིས་སྦྲིད་ནད།།
མཇོམས་བྱེད་རུལ་བུ་བསྟེན་པར་བྱ།།
དེ་ཡང་ཆུ་ཚན་གྲང་མོ་བསྟེན།།
དུས་ཚོད་ཕྱེད་ལ་ཟས་མ་ཟ།།
ཞིམ་རིལ་བསྟེན་ཐེངས་གཉིས་པ་ཡིན།།
ཞིམ་རིལ་བསྟེན་ཐེངས་གསུམ་པ་ཡིན།།
འགོག་ཁབ་གཅིག་གིས་ནད་གསུམ་འགོག།
ལོ་ཕྱེད་ཐོན་ཚེ་མཆིན་ནད་ཀྱི།།
འགོག་ཁབ་བརྒྱབ་ནས་ཚར་བར་བྱ།།
རྨང་གཞིའི་འགོག་ཁབ་གལ་འགངས་ཆེ།།
ཁབ་ཐེངས་གཉིས་ཀྱིས་ཕན་མེད་པས།།
ངེས་པར་བརྒྱུད་རིམ་ཆ་ཚང་དགོས།།
ཟླ་བརྒྱད་ལོན་ཚེ་སིབ་ཁབ་རྒྱོབ།།
སིབ་བི་སྔོན་འགོག་གལ་འགངས་ཆེ།།
སིབ་བི་ཁོ་ན་བཅོས་སླ་ཡང་།།
གློ་ཚར་སྡེབ་ན་ཉེན་ཁ་ཆེ།།
སིབ་ཁབ་ཙམ་གྱི་ག་ལག་ཆོག།།
ཟྭ་འབྲུམ་རྣ་རྩ་ཕུས་འདེབས་སོགས།།
འགོས་ནད་འགོག་ཁབ་མཉམ་དུ་རྒྱོབ།།
ཟྭ་འབྲུམ་ཕྱོགས་བསྡུས་ནད་བྱུང་ཚེ།།
འོན་ལྐུག་བླུན་པོར་འགྱུར་པར་ངེས།།
རྣ་རྩ་ཕུས་འདེབས་མ་དྲག་ན།།
རྗེས་ཕྱོགས་སྐྱེ་སྙོར་ལ་གནོད་ངེས།།
ཟླ་དྲུག་ལོན་ཚེ་ཀླད་ཁབ་རྒྱོབ།།
ཟླ་གསུམ་འགོར་རྗེས་གཉིས་པ་བསྟེན།།
ཀླད་ཚ་བྱུང་ཚེ་ཉེན་ཁ་ཆེ།།
ཚེ་སྲོག་ལ་ཡང་འཇིགས་པ་ཡོད།།
ཀླད་ཚའི་ནད་ལྷག་ལུས་གྱུར་ན།།
མི་ཚེ་གང་བོར་ཞ་འཐེང་ཡིན།།
ལོ་གཅིག་ཕྱེད་ཀར་མཆིན་ཀ་པའི།།
འགོག་ཁབ་རྒྱབ་སྟེ་མཁྲིས་སེར་འགོག།།
མཆིན་ནད་ཁ་པའི་ཁུར་པོ་ལྕི།།
མཆིན་ནད་ཀ་པ་ཡང་པོ་མིན།།
མཆིན་ནད་གཉིས་ཀ་རྒྱང་དུ་ཁྱེད།།
ལུས་གཞི་ཐང་ཤིང་ཁྱིམ་གཞིས་སྐྱིད།།
གཞི་རྩའི་འགོག་ཁབ་རྒྱབ་ཚར་རྗེས།།
སྔོན་འགོག་ཤུགས་སྣོན་ལྷོད་མི་ཉན།།
སིབ་ཁབ་གསུམ་པ་ལོ་གཅིག་ཕྱེད།།
ཁབ་གཅིག་བསྟེན་ཡོངས་སུ་འགྲུབ།།
རྨང་གཞིའི་ཞིམ་རུལ་གསུམ་གྱིས་རྫོགས།།
ལོ་བཞིར་ཤུགས་སྣོན་ཧ་ཅང་གལ།།
བརྒྱུད་རིམ་བཞིན་དུ་སྨན་བསྟེན་ན།།
སྦྲིད་ནད་འགོག་དཀའ་ཁག་མེད།།
ལོ་ངོ་གསུམ་དང་དྲུག་གི་སྐབས།།
སྲ་བརྟན་ཀླད་ཁབ་བརྒྱབ་ན་བཟང་།།
ཁྱི་སྨྱོན་ནད་ལ་འཇིགས་པ་ཆེ།།
གལ་ཏེ་བྱུང་ཚེ་ནུས་ཤུགས་ཆེ།།
ཁྱི་ཡི་རྨིག་ན་སྔོན་འགོག་བྱོས།།
འགོག་ཁབ་ཐེངས་ལྔ་ངེས་པར་བསྟེན།།
སྟོན་ནས་དགུན་ལ་གནམ་གཤིས་འགྱུར།།
ཆམ་ནད་འགོས་པར་གཟབ་རྒྱུ་གལ།།
ཆམ་པའི་འགོག་ཁབ་སྔོན་ལ་བསྟེན།།
དྲོན་པོ་གྱོན་ནས་གྲང་ངར་བྱོལ།།
ཁྱིམ་བདག་སྒོར་ལ་མ་ཕངས་ཤིག།
མིག་རྒྱང་རིང་བོ་འཛིན་རྒྱུ་གལ།།
སྔོན་འགོག་ཁབ་ཀྱི་དཔང་ཡིག་སྒྲུབ།།
དཔང་ལྟར་འགོག་ཁབ་རྒྱབ་པ་ལ།།
ཕན་དང་བཟང་ཆ་མང་པོ་ཡོད།།
མི་ལྷག་མི་འཛོལ་ཐོ་འགོད་གསལ།།
དཔང་ཡིག་ལེགས་པར་བདག་གཉེར་བྱོས།།
སློབ་གྲྭ་ཞུགས་ན་མཁོ་ཉག་ཆེ།།
སྔོན་འགོག་ཤེས་བྱ་སེམས་ལ་ཟུང་།།
གཅེས་ཕྲུག་བདེ་ཐང་ཡིན་འདོད་ན།།
ངེས་པར་རྒྱུན་དུ་སྔོན་འགོག་གཅེས།།
སྔོན་འགོག་གོ་རིམ་རེའུ་མིག་ལྟར།།
འགོག་ཁབ་རྒྱག་རྒྱུ་ཆད་མི་ཉན།།
སྐྱེས་མ་ཐག་ནས་མཆིན་ཁབ་རྒྱོབ།།
མ་བུའི་བརྒྱུད་འགོས་མྱུར་གྱིས་གཅོད།།
དཔུང་པ་གཡོན་ལ་འགོག་ཁབ་རྒྱོབ།།
གློ་བའི་འགོས་ནད་མྱུར་དུ་འཇོམས།།
ཟླ་གཅིག་རྗེས་ནས་མཆིན་པའི་ཁབ།།
སླར་ཡང་རྒྱག་དགོས་དུས་མ་བརྗེད།།
ཟླ་བ་གཉིས་པར་བྱིས་སྦྲིད་ནད།།
མཇོམས་བྱེད་རུལ་བུ་བསྟེན་པར་བྱ།།
དེ་ཡང་ཆུ་ཚན་གྲང་མོ་བསྟེན།།
དུས་ཚོད་ཕྱེད་ལ་ཟས་མ་ཟ།།
ཞིམ་རིལ་བསྟེན་ཐེངས་གཉིས་པ་ཡིན།།
ཞིམ་རིལ་བསྟེན་ཐེངས་གསུམ་པ་ཡིན།།
འགོག་ཁབ་གཅིག་གིས་ནད་གསུམ་འགོག།
ལོ་ཕྱེད་ཐོན་ཚེ་མཆིན་ནད་ཀྱི།།
འགོག་ཁབ་བརྒྱབ་ནས་ཚར་བར་བྱ།།
རྨང་གཞིའི་འགོག་ཁབ་གལ་འགངས་ཆེ།།
ཁབ་ཐེངས་གཉིས་ཀྱིས་ཕན་མེད་པས།།
ངེས་པར་བརྒྱུད་རིམ་ཆ་ཚང་དགོས།།
ཟླ་བརྒྱད་ལོན་ཚེ་སིབ་ཁབ་རྒྱོབ།།
སིབ་བི་སྔོན་འགོག་གལ་འགངས་ཆེ།།
སིབ་བི་ཁོ་ན་བཅོས་སླ་ཡང་།།
གློ་ཚར་སྡེབ་ན་ཉེན་ཁ་ཆེ།།
སིབ་ཁབ་ཙམ་གྱི་ག་ལག་ཆོག།།
ཟྭ་འབྲུམ་རྣ་རྩ་ཕུས་འདེབས་སོགས།།
འགོས་ནད་འགོག་ཁབ་མཉམ་དུ་རྒྱོབ།།
ཟྭ་འབྲུམ་ཕྱོགས་བསྡུས་ནད་བྱུང་ཚེ།།
འོན་ལྐུག་བླུན་པོར་འགྱུར་པར་ངེས།།
རྣ་རྩ་ཕུས་འདེབས་མ་དྲག་ན།།
རྗེས་ཕྱོགས་སྐྱེ་སྙོར་ལ་གནོད་ངེས།།
ཟླ་དྲུག་ལོན་ཚེ་ཀླད་ཁབ་རྒྱོབ།།
ཟླ་གསུམ་འགོར་རྗེས་གཉིས་པ་བསྟེན།།
ཀླད་ཚ་བྱུང་ཚེ་ཉེན་ཁ་ཆེ།།
ཚེ་སྲོག་ལ་ཡང་འཇིགས་པ་ཡོད།།
ཀླད་ཚའི་ནད་ལྷག་ལུས་གྱུར་ན།།
མི་ཚེ་གང་བོར་ཞ་འཐེང་ཡིན།།
ལོ་གཅིག་ཕྱེད་ཀར་མཆིན་ཀ་པའི།།
འགོག་ཁབ་རྒྱབ་སྟེ་མཁྲིས་སེར་འགོག།།
མཆིན་ནད་ཁ་པའི་ཁུར་པོ་ལྕི།།
མཆིན་ནད་ཀ་པ་ཡང་པོ་མིན།།
མཆིན་ནད་གཉིས་ཀ་རྒྱང་དུ་ཁྱེད།།
ལུས་གཞི་ཐང་ཤིང་ཁྱིམ་གཞིས་སྐྱིད།།
གཞི་རྩའི་འགོག་ཁབ་རྒྱབ་ཚར་རྗེས།།
སྔོན་འགོག་ཤུགས་སྣོན་ལྷོད་མི་ཉན།།
སིབ་ཁབ་གསུམ་པ་ལོ་གཅིག་ཕྱེད།།
ཁབ་གཅིག་བསྟེན་ཡོངས་སུ་འགྲུབ།།
རྨང་གཞིའི་ཞིམ་རུལ་གསུམ་གྱིས་རྫོགས།།
ལོ་བཞིར་ཤུགས་སྣོན་ཧ་ཅང་གལ།།
བརྒྱུད་རིམ་བཞིན་དུ་སྨན་བསྟེན་ན།།
སྦྲིད་ནད་འགོག་དཀའ་ཁག་མེད།།
ལོ་ངོ་གསུམ་དང་དྲུག་གི་སྐབས།།
སྲ་བརྟན་ཀླད་ཁབ་བརྒྱབ་ན་བཟང་།།
ཁྱི་སྨྱོན་ནད་ལ་འཇིགས་པ་ཆེ།།
གལ་ཏེ་བྱུང་ཚེ་ནུས་ཤུགས་ཆེ།།
ཁྱི་ཡི་རྨིག་ན་སྔོན་འགོག་བྱོས།།
འགོག་ཁབ་ཐེངས་ལྔ་ངེས་པར་བསྟེན།།
སྟོན་ནས་དགུན་ལ་གནམ་གཤིས་འགྱུར།།
ཆམ་ནད་འགོས་པར་གཟབ་རྒྱུ་གལ།།
ཆམ་པའི་འགོག་ཁབ་སྔོན་ལ་བསྟེན།།
དྲོན་པོ་གྱོན་ནས་གྲང་ངར་བྱོལ།།
ཁྱིམ་བདག་སྒོར་ལ་མ་ཕངས་ཤིག།
མིག་རྒྱང་རིང་བོ་འཛིན་རྒྱུ་གལ།།
སྔོན་འགོག་ཁབ་ཀྱི་དཔང་ཡིག་སྒྲུབ།།
དཔང་ལྟར་འགོག་ཁབ་རྒྱབ་པ་ལ།།
ཕན་དང་བཟང་ཆ་མང་པོ་ཡོད།།
མི་ལྷག་མི་འཛོལ་ཐོ་འགོད་གསལ།།
དཔང་ཡིག་ལེགས་པར་བདག་གཉེར་བྱོས།།
སློབ་གྲྭ་ཞུགས་ན་མཁོ་ཉག་ཆེ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།