སྐབས་དང་པོའི་མི་རིགས་ས་ཁུལ་གྱི་ཨེ་ཛི་སྔོན་འགོག་དྲིལ་བསྒྲག་དང་བླངས་པའི་གསོ་སྦྱོང་ཚོགས་འདུ།

རྩོམ་པ་པོ།:guang123 ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-14 09:33:00 ཀློག་གྲངས།:


ཚོགས་འདུའི་ཡུལ་དངོས།

ལོ་བཅུར་ཨེ་ཛི་སྔོན་འགོག་གི་བྱ་བའི་ཉམས་མྱོང་ལྡན་པའི་དགེ་རྒན་ཅེ་མོ་ཙི་ཧྲི།

         ཟླ12པའི་ཚེས13ཉིན་གྱི་སྔ་དྲོ། སྐབས་དང་པོའི་མི་རིགས་ས་ཁུལ་ཨེ་ཛི་སྔོན་འགོག་དྲིལ་བསྒྲག་དང་བླངས་པའི་གསོ་སྦྱོང་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་དུ་ཚོགས་ཤིང་། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིན་རྒྱུན་ལས་ཐིན་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་འཕྲོད་བསྟེན་ཡར་རྒྱས་སྐུལ་འདེད་ཚོགས་པའི་རྒྱུན་ལས་ཚོགས་གཞོན་དང་དྲུང་ཡིག་ཆེན་མོ་བསོད་ནམས་དབང་མོ་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཕྱི་འབྲེལ་ཁང་གི་དཔོན་གཞོན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་འཕྲོད་བསྟེན་ཡར་རྒྱས་སྐུལ་འདེད་ ཚོགས་པའི་རྒྱུན་ལས་ཧུ་ཡོང་ཧྭ།  སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཁང་གི་ཅུའུ་ཀྲང་གཞོན་པ་ཧོང་ཞའོ། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་མཁན་པོ་ཚུལ་ཁྲིམས་བློ་གྲོས།   གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་མཁན་པོ་བསོད་ནམས་དར་རྒྱས།  གཞན་མཚོ་སྔོན་དང་ཀན་སུའུ། ལྷ་ས། ཡུན་ནན་སོགས་ཕྱོགས་མང་བོ་ནས་ཕེབས་པའི་སྨན་པ་ཉམས་མྱོང་ཅན་དང་སྤྱི་ཚོགས་ལས་རིགས་སོ་སོའི་དང་བླངས་པ་བཅས་བསྡོམས་པས་མི100ཙམ་ཚོགས་འདུར་ཞུགས།

ཨེ་ཛི་སྔོན་འགོག་དྲིལ་བསྒྲག་རང་འདུན་པ་གསོ་སྦྱོང་ཚོགས་འདུ།
ཚོགས་འདུའི་ཟུར་ཞིག

         གསོ་སྦྱོང་དུ། དུས་རྒྱུན་གཞི་རིམ་དུ་འབྲེལ་ཡོད་ཨེ་ཛི་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་པའི་ཆེད་མཁས་པ་དང་བྱ་སྒྲུབ་པ། སྨན་པ་སོགས་གདན་འདྲེན་ཞུས་ཏེ་འཆད་ཁྲིད་དང་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ཚུལ་གྱིས་ཚོགས་ཞུགས་དང་བླངས་པ་རྣམས་ལ་ཁོ་ཚོའི་བྱ་བའི་ཉམས་མྱོང་དང་ཨེ་ཛི་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་གནང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།