ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།
“ཉིན་གཅིག་ལ་འཚོས་ནའང་འཚོས་པ་རེད། འཆི་བ་མི་རྟག་པ་ཞེས་པར་ཨུ་ཚུགས་བྱེད་ཐབས་ཡོད་པ་མ་རེད།”
“ནད་རིགས་འདི་བཅོས་ཐབས་མེད་པའི་ནད་རིགས་གཞན་དང་མི་འདྲ། ཁྱིམ་མི་དང་བཤད་བདེ་པོ་ཡོད་པ་མ་རེད།”
“དུས་སྐབས་དེར་བསླེབས་ཚེ་ངུ་འདོད་ཀྱང་མཆི་མ་མེད་ལ་ཀླད་པའི་ནང་ཤོག་ལྷེ་སྟོང་བ་ཞིག་དང་འདྲ།”
“དུས་དེར་ངས་འཇིག་རྟེན་འདི་དང་ཁ་ཇི་ལྟར་འབྲལ་བར་ཁོག་རྩིས་བརྒྱབ།
ཨེ་ཛིའི་ནད་ཀྱི་ཉེན་བརྡའི་ཟིན་ཐོ།
ང་ཚོའི་སྔོ་ཞིང་བསངས་བའི་གོ་ལ་འདིའི་སྟེང་དུ། རིགས་རྒྱུད་མི་གཅིག་པ་དང་། རྒྱལ་ཁབ་མི་གཅིག་པ། དད་མོས་མི་གཅིག་པའི་མི་དག་འཚོ་སྡོད་བྱེད་བཞིན་ཡོད་ལ། ཁོ་ཚོ་རང་བྱུང་ཁམས་ཆེན་པོ་དང་ཕན་ཚུན་རྟེན་ཞིང་འབྲེལ་བའི་ཁྲོད་ཐུན་མོང་གིས་མིའི་རིགས་ཀྱི་ཤེས་རིག་གསར་བཏོད་བྱས་ཡོད། ཡིན་ནའང་། ནད་རིགས་ཤིག་གི་བྱུང་བ་དེས་མིའི་རིགས་ཀྱི་འཚོ་སྡོད་ལ་ཉེན་ཚབས་ཆེན་པོ་བཟོས་ཡོད།
ཨེ་ཛིའི་ནད་དེ་འདྲེ་ལག་ཆེན་པོ་ཞིག་དང་འདྲ་བར། ཉིན་རེ་བཞིན་མི་ཁྲི་བརྒྱད་ཀྱི་ཚེ་སྲོག་འཕྲོག་གིན་ཡོད་ལ། དེ་དང་ཆབས་ཅིག་མི་ཆིག་ཁྲི་ལྔ་སྟོང་ལ་འཆི་བདག་གི་སྲོག་ཁྲིམས་ཀྱི་སྔོན་བརྡ་གཏོང་གིན་ཡོད། 1981ལོར་མིའི་རིགས་ཀྱི་ཨེ་ཛིའི་ནད་ཕོག་མཁན་ཐོག་མ་དེ་ཤེས་གསལ་བྱུང་། ལོ20ལྷག་གི་ནང་མི་ཁྲི་ཚོ6900ལ་འགོས་པ་དང་། མི་ཁྲི་ཚོ2700ལ་ནད་འགོས་ཏེ་ཤི དེའི་ཤི་ཚད་ནི་འཛམ་གླིང་འཁྲུག་ཆེན་གཉིས་ཀའི་ཤི་བོའི་མི་གྲངས་ཀྱི་བསྡོམས་གྲངས་དང་འདྲ། ད་ལྟ་འཛམ་གླིང་རང་བཞིན་གྱི་ནད་ཡམས་འདིས་གླིང་ཆེན་ལྔ་པོ་ཁེབས་ཏེ་མིའི་རིགས་འཚོ་སྡོད་ཀྱི་ས་ཆར་ཨེ་ཛིའི་ནད་ཀྱི་ནད་དུག་མེད་སའི་ཞིང་ཁམས་ཤིག་རྙེད་དཀའ།
“འཛམ་བུ་གླིང་ཡོངས་སུHIVནད་དུག་ཕོག་མཁན་མི་ཁྲི་ཚོ4000བརྒལ་ཡོད། འདས་པའི་ལོ་འགའི་ཁྲོད། ལོ་རེའི་སྡོམ་རྩིས་ལས་གསལ་བཤད་བྱས་པ་ལྟར་ན། ལོ་རེར་ཨེ་ཛིའི་ནད་དུག་ཕོག་མཁན་མི་ཁྲི་ཚོ500རེ་འཕར་གྱིན་ཡོད་པ་དང་། ཧ་ལམ་མི་ཁྲི་ཚོ་སུམ་བརྒྱ་ཨེ་ཛིའི་ནད་ལས་ཤི་བ་ཡིན་པས། གནས་ཚུལ་ཧ་ཅང་ཚབས་ཆེན་རེད།”
ཨ་ཧྥེ་རི་ཀ་ནི་སྔར་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ཨེ་ཛིའི་ནད་ཡམས་ཆེས་ཚབས་ཆེ་བའི་གནས་ཡིན། ས་ཧ་ར་བྱེ་ཐང་ལྷོ་ཕྱོགས་ཀྱི་ཨ་ཧྥེ་རི་ཀ་ནི་ཐོག་མར་དེའི་ཤུགས་རྐྱེན་ཐེབས་ཏེ། སྔར་གྱི་གསོན་ཤུགས་རྒྱས་པའི་ས་གཞི་ཡོད་ཚད་ད་ལྟ་ངོ་བོ་གཞན་ཞིག་ཏུ་གྱུར་ཡོད། གནས་འདིར་ཨེ་ཛིའི་ནད་འགོས་ཡོད་པའི་མི་གྲངས་ཁྲི་ཚོ3000ལྷག་ལ་ཉེ། རྒྱལ་ཁབ་མང་པོའི་ཨེ་ཛིའི་ནད་འགོས་ཚད་ཀྱི་མི་གྲངས་དེ་མི་གྲངས་ཡོངས་ཀྱི30%ལ་ཉེ། པོ་ཚི་ལྦ་ཎར1989ལོར་ད་གཟོད་ཨེ་ཛིའི་ནད་ཕོག་མཁན་ཐོག་མར་བྱུང་ལ་། ད་ལྟ་ནད་དེ་ཕོག་མཁན་མི་གྲངས་ཀྱི41%ལ་བསླེབས་ཡོད། མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ62ནས་ལོ39ལ་བབས། མིག་སྔར། ཨེ་ཤ་ཡ་གླིང་ནི་འཛམ་གླིང་གི་ཨེ་ཛིའི་ནད་བྱུང་ཚད་ཀྱི་སྒྲིག་རིམ་ཨང་གཉིས་པ་ཡིན། དེའི་འཕེལ་ཕྱོགས་ཀྱི་ངོས་ནས་བཤད་ན་གལ་སྲིད་མ་འོངས་པའི་ལོ་བཅུའི་ནང་དུས་བསྟུན་ནུས་ཡོད་ཀྱི་བྱེད་ཐབས་མ་བཙལ་ན་ཨེ་ཤ་ཡ་གླིང་གིས་ཨ་ཧྥེ་རི་ཀའི་གླིང་གི་ཚབ་བྱས་ཏེ་ཨེ་ཛིའི་ནད་ཀྱི་གནོད་ཐེབས་ས་ཁུལ་ཆེས་ཆེ་བར་འགྱུར་ངེས། ཨེ་ཛིའི་ནད་ཀྱི་དུས་འཁེལ་འགད་རྫས་སྟེང་བསྡད་ཡོད་པར་གྲགས་པའི་རྒྱལ་ཁབ་སྟེ་རྒྱ་གར་དུ་ཨེ་ཛིའི་ནད་ཀྱི་གཉན་ཚད་རྒྱས་མཁན་མི་ས་ཡ་བཞི་ལྔར་འཕར་ཡོད།
ཐེ་ལན་ཊིའི་ཆིན་མེ་རུ་ཨེ་ཛིའི་ནད་བྱུང་བའི་ཁྱིམ་ཚང་ཁྲོད41%གིས་ཞིང་ས་བཙོངས་ཟིན་ལ། 57%གྱིས་ཁྱིམ་ཚང་གིས་གསོག་དངུལ་ཆ་ཚང་བརླག་ཚར་བར་བྱས་ཡོད། བསྡོམས་རྩིས་ལས་བསྟན་དོན། འཛམ་གླིང་ཡོངས་སུ90%ཨེ་ཛིའི་ནད་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དུ་བྱུང་གིན་ཡོད་ལ། ཨེ་ཛིའི་ནད་ནི་རྟག་པར་དབུལ་ཕོངས་དང་རྗེས་ལུས་ལ་འབྲེལ་བསྡད་ཡོད། དེ་དང་ཆབས་ཅིག་ཏུ། ཨེ་ཛིའི་ནད་ཀྱིས་དར་རྒྱས་ཆེ་བའི་འབྱོར་ལྡན་རྒྱལ་ཁབ་ལའང་ཉེན་ཚབས་ཐེབས་ཀྱིན་ཡོད། 2002ལོའི་ལོ་མཇུག་བར་དུ་ཨེ་ཛིའི་ནད་ཀྱི་ནད་དུག་ཕོག་ཡོད་མཁན་ཧ་ལམ་མི་ཁྲི་ཚོ170ཡོ་རོབ་བྱང་མ་དང་ནུབ་མ། ཨོ་སེ་ཁྲི་ལེ་ཡ་གླིང་གི་རྒྱལ་ཁབ་སོ་སོར་འཁྱམ་གྱིན་ཡོད་ལ། ཨེ་ཛིའི་ནད་ཀྱིས་ཁྱིམ་ཚང་གི་སྟོབས་འབྱོར་ཟད་ཀྱིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ངལ་རྩོལ་ནུས་ཤུགས་དང་མི་རིགས་ཀྱི་དར་རྒུད་སོགས་ལའང་གནོད་ཀྱིན་ཡོད་པས། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་དང་མི་གྲངས་སོགས་ཕྱོགས་མང་པོ་ཞིག་ནས་རྒྱལ་ཁབ་ཅིག་གི་བདེ་འཇགས་ལ་འཚེ་བཞིན་ཡོད། གལ་སྲིད་ནད་ཡམས་འདི་སྔོན་འགོག་མ་བྱས་ན་ཨེ་ཛིའི་ནད་ཀྱིས་མིའི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོར་གསོག་འཇོག་བྱས་པའི་ཤེས་རིག་གི་རྒྱུ་ནོར་མེད་བརླག་ཏུ་གཏོང་བ་དང་ཡིད་གར་འོང་བའི་མི་ཡུལ་ཡང་དམྱལ་ཁམས་སུ་བསྒྱུར་ངེས་ཡིན་ལ་མིའི་རིགས་ཀྱི་རྒྱུད་གཅོད་པའི་གཤེད་མར་ཡང་འགྱུར་ངེས།
ཨེ་ཛིའི་ནད་ཀྱི་ནད་དུག་གི་འབྱུང་ཁུངས་ཕྱོགས་ལ་བཤད་ཚུལ་མི་མཐུན་པ་མང་པོ་ཞིག་ཡོད་དེ། སྤྱིར་བཏང་ལྟར་ན། དེའི་སྔ་མའི་ཡོང་ཁུངས་ནི་ཨ་ཧྥེ་རི་ཀའི་སྤྲེའུ་ལས་བྱུང་བ་ཡིན།
“དང་པོ་ཨ་ཧྥེ་རི་ཀའི་ཚོ་བའི་ཁྲོད་བྱུང་བ་དང་དེ་ནས་རིམ་གྱིས་མི་དང་མིའི་བར་གྱི་འགོས་ཚད་དྲག་ཏུ་ཕྱིན། དེའི་རྗེས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བརྒྱུད་ནས་འཛམ་གླིང་རང་བཞིན་ཅན་དུ་གྱུར་བ་དང་འགྲིམ་འགྲུལ་གྱི་སྟབས་ཇེ་བདེ་རུ་ཕྱིན་པ་སོགས་ཀྱིས་ཀྱང་འཛམ་བུ་གླིང་ལ་ཁྱབ་པར་བྱས།”
ཐོས་ན་སྙིང་རྩ་འདར་བ་འདི་ནིHIVཨེ་ཛིའི་ནད་ཀྱི་ནད་དུག་རེད།
རང་རེའི་ཀྲུང་གོ་བ་ལ་མཚོན་ན་སྔ་མ་ཨེ་ཛིའི་ནད་ཅེས་པ་ནི་རྒྱུས་མེད་ཕྱིའི་རྒྱ་མཚོའི་ཕར་ངོགས་ཀྱི་གཏམ་མཚར་པོ་ཞིག་ཏུ་ཟད་མོད། ཡིན་ནའང་། 1985ལོར་གཉན་ཚད་རྒྱས་མཁན་ཐོག་མ་དེ་ཤེས་གསལ་བྱུང་བ་ནས་བཟུང་། ཨེ་ཛིའི་ནད་ཀྱི་གཉན་ཚད་རྒྱས་མཁན་དང་ནད་དཔེ་ཡི་ཡར་ཞུ་མི་གྲངས་རང་རྒྱལ་ནས་མངོན་གསལ་གྱིས་འཕེལ་གྱིན་ཡོད། མཚན་མས་འགོས་ཁྱབ་དང་ཁྲག་རྩས་འགོས་ཁྱབ། མ་བུས་འགོས་ཁྱབ་བཅས་འགོས་ཁྱབ་རིགས་གསུམ་པོ་འདིས་ཀྲུང་གོ་ནས་ཁ་ལོ་བསྒྱུར།
1989ལོར་ཡུན་ནན་ནས་ཐོག་མར་དུག་རྔུབ་མཁན་ཁྲོད་ཨེ་ཛིའི་ནད་འགོས་མཁན་གྱི་ནད་དཔེ་ཡར་ཞུ་བྱུང་། རྗེས་ཀྱི་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དེ་ནི་ཐེ་ལན་ཊི་དང་རྒྱ་གར་གྱི་དུག་རྔུབ་མཁན་དག་གི་ཨེ་ཛིའི་ནད་རིགས་གཉིས་སྔ་རྗེས་སུ་ཡུན་ནན་གྱི་ས་མཚམས་སུ་ཁྱབ་པ་ཡིན་ལ། ས་ཆ་དེ་གར་རྩ་ལམ་དུག་རྔུབ་ཀྱི་མི་ཚོགས་ཁྲོད་དུ་ཨེ་ཛིའི་ནད་ཀྱི་ཉེན་ཚབས་ཧ་ཅང་ཆེ།
“དེའི་རྗེས་སུ་ནུབ་རྒྱུད་ས་ཁུལ་བརྒྱུད་ནས་སི་ཁྲོན་དང་ཀན་སུའུ། ཉིང་ཞ། ཤིན་ཅང་བཅས་དུག་རྫས་ལྐོག་ཚོང་བྱེད་པའི་སྐམ་སའི་ལམ་བུ་ཞིག་བརྒྱུད་ནས་འགོས་ཁྱབ་བྱུང་བ་ཡིན་ལ། མིག་སྔར་རང་རྒྱལ་གྱི་ནད་འགོས་ཡོད་པའི་མི་ཚོགས་ཁྲོད་ཀྱི70%ཡན་ནི་ནད་དུག་འདི་གཉིས་ལས་འགོས་པ་རེད།”
“མི་བརྒྱ་ཉིས་བརྒྱ་ལྷག་ལ་ཁབ་མགོ་གཉིས་ནས་གསུམ་མ་ཕྱིན་མེད་པ་དང་། ཁབ་མགོ་ཟད་དེ་གཙག་མི་ཐུབ་ཚེ་ས་ལ་བརྡར་བར་བྱེད་པ་དང་། དེའི་རྗེས་ཡང་བསྐྱར་གཙག་པར་བྱེད། མི་བརྒྱ་ཤོག་ཉིས་བརྒྱ་ལ་ཁབ་མགོ་གཉིས་ནས་གསུམ་ལས་མེད་ཚེ། དེའི་ནང་གི་མི་གཅིག་ལ་ཨེ་ཛིའི་ནད་ཡོད་ན་མི་བརྒྱ་ཤོག་ཉིས་བརྒྱ་པོ་ལ་འགོས་འགྲོ་བས་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད།”
1995ལོའི་སྔ་རྗེས་སུ། ཞིང་ཆེན་མང་པོ་ཞིག་དང་ཁྱད་པར་དུ་དབུས་ཁུལ་གྱི་ཞིང་ཆེན་ཁག་གཅིག་གིས་ཁྲིམས་འགལ་དང་ཚུལ་མཐུན་མིན་པར་ཁྲག་ལེན་པའི་བྱ་འགུལ་སྤེལ་བས་ཁྱབ་རྒྱ་ཆེ་བའི་ཨེ་ཛིའི་ནད་འགོ་བར་བྱས། དེ་དང་ཆབས་ཅིག་ཏུ་མ་བུས་འགོས་ཁྱབ་དང་མཚན་མས་འགོས་ཁྱབ་ཀྱི་བསྡུར་ཚད་ཀྱང་ལོ་རེ་བཞིན་འཕར་གྱིན་ཡོད། དེ་ལས་ད་ལྟ། 1985ལོ་ནས1989ལོའི་ཕྱི་རྒྱལ་ཁག་ནས་ཁྱབ་ཡོང་བའི་དུས་སྐབས་དང1989ལོ་ནས1994ལོའི་དུག་རྔུབ་འགོས་ཁྱབ་དུས་སྐབས་ཀྱི་རྗེས་ལ་ཀྲུང་གོའི་ཨེ་ཛིའི་ནད་དེ་མགྱོགས་མྱུར་ངང་འཕེལ་བའི་དུས་སྐབས་ལ་བསླེབས་ཡོད།
“ད་ལྟ་ཀྲུང་གོ་ལHIVཨེ་ཛིའི་ནད་ཀྱི་ནད་དུག་ཕོག་ཡོད་མཁན་མི་ཁྲི་ཚོ84ཡོད་ལ། དེའི་ནངAIDSནད་པ་ནི་ཁྲི་ཚོ8ལྷག་ཡོད། དེ་བཞིན་ནད་འདི་མིག་སྔར་ད་དུང་ནུས་ཡོད་སྒོས་ཚོད་འཛིན་བྱེད་ཁག་པོའི་དུས་སྐབས་ཡིན་པས་ནད་འདིའི་འཕར་ཚད་སྔར་བཞིན་འཇིགས་སུ་རུང་བ་ཞིག་རེད།”
ཁྲི་ཚོ84ཞེས་པའི་གྲངས་ཀ་འདིས་རང་རྒྱལ་གྱི་ཨེ་ཛིའི་ནད་ཀྱི་གཉན་ཚད་རྒྱབ་པའི་མི་གྲངས་དེ་མིག་སྔར་ཨེ་ཤ་ཡའི་ཨང་གཉིས་པར་ཟིན་ཡོད་པ་དང་འཛམ་གླིང་གི་ཨང14པ་ཡིན། ཁྲི་ཚོ84ཞེས་པའི་གྲངས་ཀ་འདིས་ཨེ་ཛིའི་ནད་ཕོག་མཁན་དེ་མིག་སྔར་ཀྲུང་གོའི་སྐམ་ས་ཆེན་པོའི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས31ལ་ཁྱབ་ཡོད་པ་དང་། ནད་དེ་ཕོག་པའི་མི་གྲངས་ཀྲུང་གོའི་སྤྱིའི་མི་གྲངས་ཀྱི་0.1%ལས་ཟིན་མེད་པ་དང་རྒྱལ་ཡོངས་ཁྱབ་ཁོངས་ངོས་ནས་འཕེལ་ཚད་དམའ་བ་ཡིན་ནའང་ཞིང་ཆེན་ཁག་གཅིག་གི་ས་ཁུལ་ཁ་ཤས་སུ་གཉན་ཚད་དེ60%ལྷག་ལ་བསླེབས་ཡོད། དེ་དང་མཉམ་དུ་དུག་རྔུབ་པ་སོགས་ཀྱི་སྤྱོད་ཚུལ་མི་ལེགས་པའི་ཉེན་ཚབས་ཆེ་བའི་མི་ཚོགས་ནས་རིམ་གྱིས་མང་ཚོགས་ཕལ་བར་འགོ་མཆེད་བྱེད་པའི་ཕྱོགས་ལ་འགྲོ་བཞིན་ཡོད།
“འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཀྲུང་གོའི་འཕྲོད་བསྟེན་པུའུས་མཉམ་དུ་ཞིབ་འཇུག་བྱས་པ་ལྟར་ན། གལ་སྲིད་ཨེ་ཛིའི་ནད་ཚོད་འཛིན་གང་ལེགས་བྱེད་མ་ཐུབ་ཚེ། 2010ལོར་བསླེབས་ཚེ་རང་རྒྱལ་གྱི་ཨེ་ཛིའི་ནད་ཕོག་མཁན་གྱི་མི་གྲངས་ཁྲི་ཚོ1000ལ་བསླེབས་ངེས།”
ཁྲི་ཚོ1000ནི་དཔེ་བཞག་ན། གལ་ཏེ་རང་རྒྱལ་གྱི་མི་གྲངས་དུང་ཕྱུར13གྱི་ངོས་ནས་རྩིས་ན། མི130རེའི་ཁྲོད་ན་ཨེ་ཛིིའི་ནད་ཕོག་མཁན་གཅིག་རེ་ཡོད་པ་དང་མཚུངས་པས། ཀྲུང་གོ་ནི་ཨེ་ཛིའི་ནད་བྱུང་ཚད་ཆེས་མང་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས།
ལུགས་རྙིང་གི་ཟླ10བའི་ཚེས1ཉིན། ལིན་ལིན་ཁོང་གི་ཨ་ཕས་ཁྲིད་དེ་ཁོའི་ཨ་མའི་ས་ཐོག་ལ་དུར་མཆོད་བྱེད་དུ་སོང་། ལོ་བདུན་གྱི་སྔོན་ལ་ལིན་ལིན་བཙའ་དུས་ཁོག་བཤག་བུ་བཙས་ཁྲོད་ཁྲག་རྒྱག་དུས་ཁོའི་ཨ་མར་ཨེ་ཛིའི་ནད་འགོས་པ་ཡིན། ལོ་གཅིག་གི་སྔོན་ལ་ཁོའི་ཨ་མ་ནད་ཀྱི་མནར་ཏེ་ཁོ་མོ་དང་གཏན་དུ་ཁ་བྲལ་སོང་། ཚེ་ལས་འདས་ཁར་མིག་གི་ནུས་པ་ཉམས་པ་དང་། སྐད་ཆའང་ཚིག་གཅིག་ཀྱང་བཤད་མ་ཐུབ། ལིན་ལིན་གྱིས་ཨ་མའི་ནུ་ཞོའི་ཞིམ་མངར་ལ་རོལ་དུས་རང་ཉིད་ལའང་ཨེ་ཛིའི་ནད་ཀྱིས་འཚེ་འགོ་བརྩམས་པ་ག་ལ་ཤེས། ཁོ་མོའི་ཨ་མ་ཨེ་ཛིའི་ནད་རྟགས་སུ་ངེས་འཛིན་བྱས་ནས་ཅུང་མ་འགོར་བར། ལིན་ལིན་དང་ཁོའི་ཨ་ཕ་ལའང་ཨེ་ཛིའི་ནད་འགོས་ཡོད་པ་བརྟག་དཔྱད་བྱུང་། ཨ་ཕའི་གཟུགས་པོ་ཉིན་རེ་བཞིན་སྡུག་ཏུ་ཕྱིན་ཏེ་ཕྱི་རུ་ལས་ཀ་བགྱིས་ཏེ་སྒོར་མོ་བཙལ་བའང་ཧ་ཅང་དཀའ་བའི་གནས་སུ་གྱུར། འཚོ་བ་ཧ་ཅང་སྐྱོ་པོར་ཆགས་ལ་ས་ཞིང་མུའུ་བཞི་ལས་མེད་པས། ཕ་བུ་གཉིས་ཀྱི་ལོ་ཕྱེད་ཀྱི་ཁ་ཟས་ལས་མི་ཡོང་། ལོ་རྒྱུན་ལོ་སར་གཏོང་བའི་དུས་སུ་མ་ཕྱིན་ཤ་ཞིག་ཟ་ཐུབ་ཀྱིན་མེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com