ཨ་ལགས་འཇམ་དབྱངས་ལགས་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཆ་ཚང་གནངས་བ།
གསོ་རིག་སྨྲ་བའི་ཁྱུ་མཆོག་ཨ་ལགས་འཇམ་དབྱངས་ལགས།
ཡུལ་མདོ་སྨད་རྩེ་གཞུང་ཧོར་ཞང་ནས་དགུང་ལོ་བརྒྱད་བཅུ་ལྷག་ལ་སོན་པའི་ཨ་ལགས་འཇམ་དབྱངས་མཆོག་ནས་ད་ལོའི་ཧོར་ཟླ7ཚེས12ཉིན་ནས་ཚེས13བར་ཏེ་ཉིན་གཉིས་ཀྱི་རིང་། མ་འོངས་བོད་ཀྱི་གསོ་རིག་གི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཐུབ་པ་དང་། བོད་ཀྱི་བཅུ་ཕྲག་རིག་གནས་མཐའ་དག་ཡ་མ་བྲལ་བར་འཆད་ཉན་ལག་ལེན་གྱི་རྒྱུན་བཟང་འཛིན་ཅི་ཐུབ་ཀྱི་ཆེད་དུ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཆ་ཚང་བར་གནངས།
དབང་ལུང་འདིའི་བརྒྱུད་པ་ནི་རྒྱལ་བའི་བླ་སྨན་མཁྱེན་རབ་ནོར་བུའི་སྲས་བསོད་ནམས་རིན་ཆེན་ནས་ཨ་ལགས་འཇམ་དབྱངས་ལགས་ལ་བརྒྱུད། ཐེངས་འདིའི་དབང་ལུང་ལ་བོད་ཀྱི་གསོ་བ་རིག་པ་ལ་དུང་ཞེན་ཆེ་བའི་སྐལ་ལྡན་གྱི་སྨན་པ་དང་དགེ་རྒན། སློབ་མ་སོགས་མི་གྲངས་བརྒྱ་ལྷག་ཕྱོགས་སོ་སོ་ཕེབས་གནངས་ཡོད་པ་རེད། གཡུ་ཐོག་སྙིང་ཐིག་གི་དབང་ལུང་ནི་བོད་ཀྱི་གསོ་རིག་ལས་དོན་གཉེར་མཁན་སྨན་པའམ་དགེ་རྒན་ཞིག་ལ་ཆ་མཚོན་ན་ཆེས་ཐོབ་དཀའ་ཞིང་ཆེས་མེད་དུ་མི་རུང་བའི་དབང་ལུང་གི་སྐོར་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com