ཟུག་འཇོམས་སྨན་གང་འདོད་དུ་བསྟེན་པའི་གནོད་འཚེ་ཆེན་པོ་བཅུ།

རྩོམ་པ་པོ།:འབྲུག་མོས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-04-02 10:25:00 ཀློག་གྲངས།:


        ཟུག་འཇོམས་སྨན་གང་འདོད་དུ་བསྟེན་པ་ཟེར་བ་ནི་སྨན་པས་ངག་བཀོད་ལ་མི་ཉན་པའམ་ཡང་ན་སྨན་རྫས་ཀྱི་གསལ་བྱེད་ཡི་གེར་མི་བལྟ་བར། དུས་ཡུན་རིང་བོར་སྨན་ཚད་ལས་བརྒལ་བའི་ངང་ནས་ལུགས་དང་མི་མཐུན་པར་བསྟེན་པ་ལ་ཟེར། ཟུག་འཇོམས་སྨན་གང་འདོད་དུ་བསྟེན་ན་སྨན་རྫས་སྣ་ཚོགས་ཀྱི་ཞོར་སྐྱོན་འབྱུང་སྲིད་པ་དང་ཐ་ན་གནོད་སྐྱོན་ཆེན་པོ་བཟོ་སྲིད།
       1.ནད་བབ་ཕྱིར་མངོན་མི་ཐུབ་པ།
       སྨན་པས་ནད་བརྟག་སྨན་བཅོས་མ་བྱས་སྔོན་དུ་ཟུག་འཇོམས་སྨན་གང་འདོད་དུ་བསྟེན་ན། གནས་སྐབས་ཙམ་ལ་ན་ཟུག་འཇོམས་ཐུབ་མོད། འོན་ཀྱང་ནད་གང་ཞིག་ལ་དམིགས་བསལ་དུ་ཡོད་པའི་ནད་རྟགས་དེ་ཕྱིར་མངོན་མི་ཐུབ་པས། གསོ་བཅོས་བྱེད་པར་བར་ཆད་བཟོ་སྲིད།
       2.དབྱིངས་ཞུགས་སླ་བ།
       ཟུག་འཇོམས་སྨན་ཁ་ཤས་ཤིག་དང་ལྷག་པར་དུ་ཕན་ནུས་ཆེ་བའི་དབང་རྩའི་ལྟེ་བའི་ཟུག་འཇོམས་སྨན་ཡུན་རིང་དུ་བསྟེན་ན་གོམས་ལོབས་སུ་འགྲོ་བས་དུས་ཡུན་རིང་བོར་བསྟེན་མི་རུང་། དུས་ཡུན་རིང་པོར་བསྟེན་ཚེ་ཐ་ན་དུག་ཕོག་ནས་དབུགས་གཏོང་ལེན་ལ་གནོད་པ་ཐེབས་ཏེ་ཤི་འགྲོ་བའང་ཡོད།
       3.སྨན་ལོག་བྱུང་བའི་རྟགས་འབྱུང་བ།
       ཟུག་འཇོམས་སྨན་མང་པོ་ཞིག་གིས་དབུགས་འཚང་བ་དང་། ཟྭ་འབྲུམ། སྨན་ལོག་རང་བཞིན་གྱིས་སྣའི་གཉན་ཚད་བཅས་སློང་སྲིད་ལ། སྨན་ལོག་འབྱུང་སླ་བའི་མི་ལ་ད་དུང་ཁྲག་རྒྱུན་དབང་རྩའི་ཆུ་སྐྲངས་སོགས་སྨན་ལོག་གི་རྟགས་ཀྱང་འབྱུང་སྲིད།
      4.ཁྲག་བཟོའི་བྱེད་ནུས་ལ་གནོད་པ་བཟོ་བ།
      ཟུག་འཇོམས་སྨན་མང་པོ་ཞིག་དུས་ཡུན་རིང་པོར་འཐུང་པའམ་ཡང་ན་འཐུང་ཚད་ཆེས་མང་ན། ཁྲག་བཟོ་མ་ལག་དང་ཁྲག་རིལ་དཀར་པོར་གནོད་པ་བཟོས་ནས་ཁྲག་རིལ་ཕྲ་ཕུང་ཇེ་ཉུང་དུ་གཏོང་བ་དང་། སླར་སྐྱེས་འགལ་རྐྱེན་རང་བཞིན་གྱི་ཟུངས་ཁྲག་ཉམས་པ་དང་། ཟུངས་ཁྲག་འཁེངས་རྩི་ལ་འགལ་རྐྱེན་ཐེབས་པ་སོགས་ཀྱི་ནད་སློང་སྲིད།
      5. ཕོ་བའི་འབྱར་སྐྱི་ལ་གནོད་པ་བཟོ་སྲིད།
      ཟུག་འཇོམས་སྨན་དུས་ཡུན་རིང་པོར་འཐུང་པའམ་ཡང་ན་འཐུང་ཚད་ཆེས་མང་བ་དང་། ལྷག་པར་དུ་ལྟོ་སྟོང་དུ་འཐུང་ན། གསུས་སྟོད་མི་བདེ་བ་དང་སྐྱུག་རྒྱུ་ཡོང་བ། སྐྱུག་པ། སྦོས་པ། ཟ་མའི་ཡི་ག་ཇེ་ཞན་དུ་འགྲོ་བ་སོགས་འཇུ་བྱེད་མི་ལེགས་པའི་ནད་རྟགས་འབྱུང་སྲིད། ཚབས་ཆེ་ན་ད་དུང་ཕོ་བའི་འབྱར་སྐྱི་ལ་གནོད་པ་ཐེབས་ནས་ཕོ་བ་ལས་ཁྲག་བརྡོལ་བའང་ཡོད།
      6.དུག་ཕོག་པའི་རང་བཞིན་གྱི་མཆིན་ཚད།
      ཕུའུ་རིག་ཞིས་ཐུང(扑热息痛)རིགས་ཀྱི་ཟུག་འཇོམས་སྨན་དུས་ཡུན་རིང་པོར་འཐུང་པའམ་ཡང་ན་འཐུང་ཚད་ཆེས་མང་ན། མཆིན་པའི་ནུས་པར་གནོད་པ་ཐེབས་ནས་དུག་ཕོག་པའི་རང་བཞིན་གྱི་མཆིན་ཚད་སློང་ངེས།
       7.མཁལ་མའི་ནུས་པ་ཉམས་པ།
       བསྡོམས་རྩིས་བྱས་པ་ལྟར་ན། ད་སྔ་ཟུག་འཇོམས་སྨན་གྱིས་མཁལ་མའི་ནུས་པ་ཉམས་དུ་བཅུག་པ་དེས་སྨན་རྫས་ཀྱིས་མཁལ་མའི་ནུས་པ་ཉམས་དུ་བཅུག་པའི་ཁྲོད་བརྒྱ་ཆའི་སོ་བདུན་ཟིན་ཡོད་པ་དང་། དེའི་ནང་གཉན་སེལ་ཟུག་འཇོམས་སྨན་ཞའོ་ཡན་ཐུང(消炎痛)ཟེར་བ་དེས་མཁལ་མའི་ནུས་པར་གནོད་པ་བཟོ་ཚད་ཆེས་མཐོ།
       8.སྐྲན་ནད་སློང་བ།
       ཟུག་འཇོམས་སྨན་ཁ་ཤས་ཤིག་དུས་ཡུན་རིང་པོར་འཐུང་ཚད་ཆེས་མང་པོའི་སྒོ་ནས་འཐུང་ན། མཁལ་མའི་འབྲས་དང་མཁལ་ཕོར་འབྲས། ལྒང་བུའི་འབྲས་སོགས་སློང་སྲིད།
       9.དབང་རྩའི་མ་ལག་ལ་ཞོར་སྐྱོན་ངན་པ་འབྱུང་སྲིད།
       ཟུག་འཇོམས་སྨན་ཁ་ཤས་ཤིག་གིས་མགོ་ན་བ་དང་མགོ་ཡོམ་འཁོར་བ། རྣ་འུར་བ། རྣ་ཤུགས་དང་མིག་ཤུགས་ཉམས་པ། གཉིད་ལ་དགའ་བ་དང་ཡང་ན་གཉིད་ཡལ་བ། ཚོར་སྣང་རྒྱུན་ལྡན་མིན་པ། ཚོར་བ་ཉམས་པ་སོགས་དབང་རྩའི་མ་ལག་ལ་མི་ལེགས་པའི་སྣང་ཚུང་འབྱུང་དུ་འཇུག་སྲིད།
       10.ཁྲག་རྩའི་ནད་རིགས་སློང་སྲིད།
        ཙེ་གཟུགས་རིགས་མིན་པའི་ཚད་འགོག་ཟུག་འཇོམས་སྨན་གྱིས་ཁྲག་ཤེད་ལ་མངོན་གསལ་སྒོས་གནོད་སྐྱེལ་ནས། འཕར་རྩའི་ཁྲག་ཤེད་ཆ་སྙོམས་ཀྱིས་ཇེ་མཐོར་གཏོང་བ་དང་། ལོ་ཧྥེ་ཞིས་པུའུ(罗非昔布)ཞེས་པའི་སྨན་དེ་འཐུང་ན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཅུང་ཆེ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།