རྒྱུན་སྤྱོད་ཟུག་འཇོམས་སྨན་རིགས་བཞིའི་ཕན་ནུས་དང་འཕྲོད་ཕྱོགས།

རྩོམ་པ་པོ།:འབྲུག་མོས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-04-02 10:19:00 ཀློག་གྲངས།:


        ཟུག་འཇོམས་སྨན་དེས་གཙོ་བོར་དབང་རྩ་ལྟེ་བའི་མ་ལག་ལ་ཕན་ནུས་ཐོན་ཐུབ་ཅིང་།  རྒྱུན་སྤྱོད་ཀྱི་ཟུག་འཇོམས་སྨན་དེ་སྤྱིར་བཏང་དུ་གཤམ་གྱི་རིགས་བཞིར་བགར་ཆོག་ལ། དེ་སོ་སོར་རང་རང་གི་འཕྲོད་ཕྱོགས་དང་ཕན་ནུས་རེ་ཡོད་པས། གལ་ཏེ་ནད་རྟགས་དང་བསྟུན་ནས་སྨན་བསྟེན་ན་ད་གཟོད་གསོ་བཅོས་ཀྱི་ཕན་ནུས་བཟང་པོ་ཐོན་ཐུབ།
       1. ཙེ་གཟུགས་རིགས་མིན་པའི་ཚད་འགོག་ཟུག་འཇོམས་སྨན།
       ཙེ་གཟུགས་རིགས་མིན་པའི་ཚད་འགོག་ཟུག་འཇོམས་སྨན་དེའི་རིགས་ལ་ཚ་བ་སེལ་ཞིང་ཟུག་གཟེར་འཇོམས་པའི་ཕན་ནུས་ལྡན་པ་དང་། དེའི་ནང་གི་སྨན་རྫས་མང་པོ་ཞིག་ལ་ད་དུང་གཉན་ཚད་འགོག་པ་དང་གྲུམ་ནད་འགོག་པའི་ནུས་པའང་ལྡན། དེ་གཙོ་བོར་ན་ཟུག་ཅུང་ཡང་མོ་ཅན་གྱི་བཀོལ་སྤྱོད་བྱས་ཆོག་པ་དང་། ལྷག་པར་དུ་ཤ་གནད་དང་ཤ་རྒྱུས་ན་བ་དང་རུས་ཚིགས་ན་བ་བཅས་དང་། ད་དུང་མགོ་ན་བ་དང་འབྲས་ནད་ཡང་མོ་ཅན་གྱི་ན་ཟུག་བཅས་དང་། ལྷག་པར་དུ་འབྲས་ནད་རུས་གསེང་དུ་མཆེད་པའི་ན་ཟུག་བཅས་ལ་གསོ་བཅོས་བྱེད་པར་ཕན། དེ་ལ་ཡིས་ཞན་ཨན་ཅི་ཧྥུན(乙酰氨基酚)དང་། ཧྥུན་པུས་ཏི།(芬必得) པུའུ་ལོ་ཧྥུན། (布洛芬)ཧྥུའུ་ཐ་ལིན། (扶他林)ཞི་ལི་པའོ(西乐葆)སོགས་ཡོད།
        2.ཕན་ནུས་ཆུང་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན། 
       ཕན་ནུས་ཆུང་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན་དེ་ཨ་ཕེན་རིགས་ཀྱི་སྐྱེ་ལྡན་བུལ་ཏོག་གི་ཁོངས་སུ་གཏོགས་པ་དང་། དེ་དུས་ཡུན་རིང་པོར་བཀོལ་སྤྱོད་བྱས་ན་དབྱིངས་ཞུགས་སྲིད། སྨན་རྫས་དེ་གཙོ་བོར་ན་ཟུག་འབྲིང་ཙམ་དང་དེའི་ཡན་ལངས་པའི་ནད་པར་བཀོལ་ཆོག། སྨན་དེའི་རིགས་ཚད་ཉུང་ཉུང་ཞིག་སྤྱིར་ཙེ་གཟུགས་རིགས་མིན་པའི་ཚད་འགོག་ཟུག་འཇོམས་སྨན་དང་མཉམ་དུ་བཀོལ་སྤྱོད་བྱེད་དགོས་ལ། ཕན་ནུས་ཆུང་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན་རྐྱང་རྐྱང་དུས་ཡུན་རིང་པོར་འཐུང་ན་གོམས་ལོབས་སུ་འགྲོ་བས་ཡུན་རིང་དུ་བསྟེན་མི་རུང་། དཔེར་ན་ཁི་ཏེ་དབྱིན(可待因)དང་ཨན་ཧྥུན་ཏེ་དབྱིན(氨酚待因)སོགས་ལྟ་བུ་རེད།
        3.ཕན་ནུས་ཆེ་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན།
        ཕན་ནུས་ཆེ་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན་དེའང་ཨ་ཕེན་རིགས་ཀྱི་སྐྱེ་ལྡན་བུལ་ཏོག་གི་ཁོངས་སུ་གཏོགས་ཤིང་དེ་ལ་དབྱིངས་ཞུགས་པའི་རང་བཞིན་ལྡན། དེ་གཙོ་བོར་འབྲས་ནད་ཀྱི་ན་ཟུག་ཚབས་ཆེན་ལངས་པར་བཀོལ་དགོས་པ་དང་། དེའི་མགོ་གནོན་སྨན་ཁབ་དེ་འབྲས་ནད་མིན་པའི་ནད་རིགས་གཞན་པའི་ན་ཟུག་ལའང་དུས་ཡུན་ཐུང་ངུ་ཙམ་ལ་བཀོལ་ཆོག དཔེར་ན་མ་ཧྥེ(吗啡)དང་། ཧྭོན་ཧྲི་མ་ཧྥེ(缓释吗啡)། ཆང་ཁའོ་ཐུང(强考酮)། ཏེན་པེན་ནོ་ཧྥེ(丁丙诺非)སོགས་ལྟ་བུ་རེད།
        4.དབང་རྩའི་མ་ལག་ལ་བཀོལ་བའི་ཟུག་འཇོམས་སྨན།
        སྨན་རྫས་འདིའི་རིགས་ཀྱིས་དབང་རྩའི་མ་ལག་ལ་ཕན་ནུས་ཐོན་ཐུབ་ཅིང་། ན་ཟུག་རིགས་མང་པོར་བཀོལ་ཆོག་ལ། ད་དུང་ཕན་ནུས་ཆེ་བའི་ཨ་ཕེན་རིགས་ཀྱི་ཟུག་འཇོམས་སྨན་གྱི་ཁ་ཚར་ཡང་བྱས་ཆོག དཔེར་ན། ཆུས་མ་ཏོ(曲马多)དང་ཨ་མུས་ཐུས་ལེན(阿米替林)། ཏོ་སེ་ཕེན(多赛平)། ཁ་མ་ཞིས་ཕེན(卡马西平)། པིན་ཐོ་ཡིན་ན(苯妥英纳)སོགས་ལྟ་བུ་རེད། ཆུས་མ་ཏོ(曲马多)ཞེས་པའི་ཟུག་འཇོམས་སྨན་དེ་ཕུང་གྲུབ་སྙི་མོ་དང་རུས་ཚིགས་ན་བ་དང་མགོ་ན་བ། འབྲས་ནད་ཀྱི་ན་ཟུག་ཅུང་ཡང་མོ་དང་འབྲིང་ཙམ་ལངས་སྐབས་བཀོལ་ཆོག ཁ་མ་ཞིས་ཕེན(卡马西平)དང་པིན་ཐོ་ཡིན་ན(苯妥英纳)ཞེས་པའི་ཟུག་འཇོམས་སྨན་དེ་དབང་རྩ་ན་བར་བཀོལ་སྤྱོད་བྱས་ཆོག (དཔེར་ན་དབང་རྩ་རྩེ་གསུམ་ཅན་ན་བ་སོགས་ལྟ་བུ་རེད།)


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།