གློ་བའི་འབྲས་སྐྲན་ནད་ཀྱི་རྒྱུ་རྐྱེན་གཙོ་བོ།
རྒྱལ་སྤྱིའི་གློ་བའི་འབྲས་སྐྲན་ལ་དོ་ཁུར་བྱེད་པའི་ཟླ་བར་ཆེད་མཁས་པས་བསྟན་དོན།དུ་བ་འཐེན་པ་ནི་གློ་བའི་འབྲས་སྐྲན་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་རེད་ཟེར།
2009ལོའི་ཟླ11པ་ནི་རྒྱལ་སྤྱིའི་གློ་བའི་འབྲས་སྐྲན་ལ་དོ་ཁུར་བྱེད་པའི་ཟླ་བ་ཡིན་ལ་ཀྲུང་གོའི་འབྲས་ནད་ཐེབས་རྩ་ཚོགས་པའི་དུ་བ་ཚོད་འཛིན་དང་གློ་འབྲས་འགོག་བཅོས་ལས་དོན་པུའུ་ཡི་པུའུ་ཀྲང་།རྒྱལ་སའི་གསོ་རིག་སློབ་ཆེན་གློ་འབྲས་རྟགས་བཅོས་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲི་ཞིག་དབྱིས་ཀྱིས་བསྟན་དོན།མཆེད་ནད་རིག་པའི་ཞིབ་འཇུག་གང་མང་ལས་བདེན་དཔང་བྱས་པ་ལྟར་ན།དུ་བ་འཐེན་པ་ནི་གློ་འབྲས་ཀྱི་ཚབས་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཏེ་གློ་འབྲས་ཀྱིས་འཆི་བའི་ནད་པ་བརྒྱ་ཆའི་གྱ་བདུན་ནི་དུ་བ་འཐེན་པ་ལས་བྱུང་བ་རེད།དེ་བས་གློ་འབྲས་སྔོན་འགོག་བྱེད་ན་དུ་བ་གཅོད་པ་ནས་མགོ་བརྩམ་དགོས་ཟེར།
དགེ་རྒན་ཆེན་མོ་ཀྲི་ཞིག་ཡུས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན།སྤྱི་ལོ་ཉིས་སྟོང་དྲུག་ལོར་འཛམ་གླིང་ཡོངས་ལ་གསར་བྱུང་གློ་འབྲས་ཀྱི་ནད་པ་ཁྲི་བརྒྱ་དང་སུམ་ཅུ་ཡོད་ལ་ཤི་ཚད་ཁྲི་བརྒྱ་དང་ཉི་ཤུ་རེད།རང་རྒྱལ་ནས་གློ་འབྲས་ཀྱིས་ཤི་བའི་མི་གྲངས་ཁྲི་དྲུག་ཅུར་ཉེ་བ་དང་ལོ་བཅུའི་སྔོན་དང་བསྡུར་ན་རང་རྒྱལ་གྱི་སྐྱེས་པ་དང་བུད་མེད་ཀྱི་གློ་བའི་འབྲས་ནད་བྱུང་ཚད་དང་དེས་ཤི་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བར་གློ་འབྲས་ཀྱིས་རང་རྒྱལ་དུ་སྐྲན་ངན་གྱིས་ནད་པ་ཤི་ཚད་ཀྱི་ཨང་བཞི་བ་ཟིན་ཡོད་པ་དང་།ལོ་རབས་དགུ་བཅུ་བར་ཐོན་པ་ན་གློ་འབྲས་ཨང་གསུམ་པར་གྱུར་ཞིང་དུས་རབས་ཉེར་གཅིག་ལ་ཐོན་དུས་གློ་འབྲས་ཀྱིས་སྐྲན་ངན་གྱི་འཆི་རྐྱེན་ལས་ཨང་རིམ་དང་པོ་བཟུང་འདུགཆེད་མཁས་པས་སྔོན་དཔག་བྱས་ཏེ་མིག་སྔའི་ནད་འཕེལ་ཚུལ་ལ་བལྟས་ན་སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལ་སླེབས་ཚེ་རང་རྒྱལ་གྱི་གློ་འབྲས་ནད་པ་འཆི་ཚད་ལོ་རེར་ཁྲི་བརྒྱར་སླེབས་ངེས་ཟེར།དུ་བ་འཐེན་པ་ནི་གློ་འབྲས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་།རང་རྒྱལ་ལ་དུ་བ་འཐེན་མཁན་ཤིན་ཏུ་མང་ཞིང་འཛམ་གླིང་གི་དུ་བ་འཐེན་མཁན་དུང་ཕྱུར་བཅུ་གཅིག་ལས་དུང་ཕྱུར་གསུམ་དང་གྲངས་ཆུང་ལྔ་རང་རྒྱལ་དུ་ཡོད་པས།འཛམ་གླིང་གི་དུ་བ་འཐེན་མཁན་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན།རང་རྒྱལ་གྱི་དུ་བ་འཐེན་ནས་ནད་བྱུང་སྟེ་ཤི་ཚད་མི་གྲངས་ཁྲི་བརྒྱ་ལས་བརྒལ་བ་རེད།དུ་བ་འཐེན་པ་དེ་རང་རྒྱལ་གྱི་ཚབས་ཆེ་བའི་སྤྱི་བའི་འཕྲོད་བསྟེན་གྱི་གནད་དོན་དུ་གྱུར་ཡོད་པས་དུ་བ་འགོག་པ་དང་གློ་འབྲས་འགོག་བཅོས་ཀྱི་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ།དུ་བ་འཐེན་པ་སོགས་མི་ལེགས་པའི་འཚོ་བ་རོལ་སྟངས་བཅོས་བསྒྱུར་བྱེད་པ་གཙོ་གནད་དུ་འཛིན་དགོས་པར་མ་ཟད།སྨན་བཅོས་མི་སྣས་དུ་བ་མི་འཐེན་པ་དང་སྤྱི་བའི་ཚོགས་ར་ནས་དུ་བ་མི་འཐེན་པར་སྣེ་ཁྲིད་དགོས།
ཀྲི་ཞིག་ཡུས་ཀྱིས་བཤད་རྒྱུར།གློ་འབྲས་ལ་ཐོག་མར་ནད་རྟགས་ཆེར་མི་མངོན་ཞིང་ནད་པ་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་ནད་གཞི་ཐག་གཅོད་བྱེད་དུས་གློ་འབྲས་ཀྱི་དུས་མཇུག་ལ་སླེབས་ཡོད་པ་དང་སྨན་བཅོས་ཀྱི་ཆེས་བཟང་བའི་དུས་ཚོད་ལས་འདའ་བ་རེད།དེ་བས་ནད་ངོས་ཟིན་པ་སྔ་བ་དང་ནད་བཅོས་སྔ་མོར་བྱེད་རྒྱུ་ནི་གློ་འབྲས་ལ་སྨན་བཅོས་ཀྱི་ཚད་མཐོར་འདེགས་དང་འཆི་ཚད་ཇེ་དམའ་རུ་གཏང་བའི་འགག་རྩ་ཞིག་ཡིན།ཡིན་ན་ཡང་མིག་སྔར་གློ་འབྲས་ཀྱི་ནད་ལ་ཆ་ཚང་ཡིན་པའི་ཞིབ་ཕྲའི་བརྟག་དཔྱད་ཀྱི་ཐབས་ལམ་ཅི་ཡང་མེད་ཅིང་ལུད་པའི་ཕྲ་ཕུང་རིག་པ་དང་ཁོག་སྟོད་ཀྱི་xགློག་འོད་བརྟག་དཔྱད་དེ་གཉིས་གློ་འབྲས་ཀྱི་ཞིབ་ཕྲའི་བརྟག་ཐབས་ལ་བཀོལ་ནས་དུས་རབས་ཕྱེད་ཙམ་འགོར་ཟིན།མིག་སྔར་རང་རྒྱལ་གྱི་གནས་ཚུལ་དང་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་མིན་ལ་གཞིགས་ནས་དགེ་རྒན་ཆེན་མོ་ཀྲི་ཞིག་ཡུས་ཀྱིས་བསྟན་དོན།ལོ་རེའི་ལུས་ཕུང་བདེ་ཐང་བརྟག་དཔྱད་དང་ཁོག་སྟོད་ཀྱི་xགློག་འོད་བརྟག་དཔྱད་དེ་ཐོག་མའི་དུས་སུ་གློ་འབྲས་ངོས་འཛིན་བྱེད་ཀྱི་ཐབས་ལམ་དུ་བརྩི་བ་དང་།རྒྱུན་པར་ལུས་ཕུང་བརྟག་དཔྱད་ཀྱི་རྣམ་གྲངས་ལས་ཁོག་སྟོད་ལ་པར་ལེན་སྐབས་ངེས་པར་དུ་དྲང་ངོས་དང་ཟུར་ངོས་གཉིས་ནས་པར་ལེན་དགོས་ལ་ཆ་རྐྱེན་བཟང་བའི་ལས་ཁུངས་དང་ས་ཁུལ།མི་སྒེར་བཅས་ཀྱིས་ད་དུང་ཁོག་སྟོད་བརྟག་ཆས་ཏེ་ཚད་དམའ་བའི་དུང་འཁྱིལ་CTདང་གཤེར་རྨང་ཕྲ་ཕུང་རིག་པའི་ལག་རྩལ་དང་ལེན་བྱས་ནས་བརྟག་དཔྱད་བྱས་ན་སྔ་མོ་ནས་གློ་འབྲས་ཡོད་མེད་ལ་རོགས་བྱེད་ཐུབ་ཅིང་།གློ་འབྲས་ཉེན་ཚབས་ཆེ་བའི་མི་ཚོགས་ཏེ་དུ་བ་འཐེན་མཁན་དང་ལོ་ལོན།གློ་འབྲས་བྱུང་ཚད་མང་བའི་ས་ཁུལ་གྱི་སྡོད་དམངས་བཅས་ཀྱིས་རྒྱུན་སྲོལ་གཞོགས་འདེགས་བརྟག་དཔྱད་བྱེད་ན་ངེས་པར་དུ་དེ་ལྟར་བརྟག་དཔྱད་བྱས་ན་འོས་པ་ཡིན།
ཀྲི་ཞིག་ཡུས་ཀྱིས་ད་དུང་བཤད་རྒྱུར།དོ་སྣང་དང་མཉམ་མི་འཇོག་པའི་གློ་འབྲས་ལ་ལའི་ཐོག་མའི་ནད་རྟགས་དང་དེའི་ཁྱད་ཆོས་ཡོད་པའི་བརྙན་གཟུགས་རིག་པའི་ནད་རྟགས་ཀྱི་ཁྱད་ཆོས་ལ་སྨན་པ་དང་ནད་པ།ཁྱིམ་བདག་རྣམས་ཀྱིས་མཉམ་འཇོག་བྱ་དགོས་ཏེ་གལ་སྲིད་རྒྱུན་མཐུད་ཟུག་གཟེར་རང་བཞིན་གྱིས་གློ་ལུ་བ་དང་ཁོག་སྟོད་གཟེར་བ།དབུགས་འཚང་ལ་རྔམ་པ་རྒོད་པ།ཁྲག་ལུ་བ་སོགས་འབྱུང་བ་དང་།བརྙན་གཟུགས་རིག་པས་ཡང་དང་ཡང་དུ་གློ་བའི་གནས་ཁག་ཅིག་ལ་གཉན་ཚད་ཡོད་པ་དང་བརྙན་པར་ངོས་སུ་གྲིབ་མའི་གཟུགས་ཡོད་པར་བཤད་པ་སོགས་བྱུང་ན་འདིའི་རིགས་ཀྱི་ནད་པ་བྲང་ཁོག་ཕྱི་ནད་ཚན་ཁག་དང་འབྱིན་རྔུབ་ཚན་ཁག་ལ་སོང་ནས་བརྟག་དཔྱད་བཟང་བོ་བྱེད་དགོས།
ཀྲི་ཞིག་ཡུས་ཀྱིས་མཇུག་མཐར་བསྟན་དོན།གློ་འབྲས་སྔོན་འགོག་དང་དུ་བ་བཀག་འགོག་བྱེད་ན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོ་དང་སྨན་བཅོས་ལས་དོན་ཁག་ཚང་མས་མཉམ་དུ་འབད་པ་བྱེད་དགོས་ཤིང་།གློ་འབྲས་བརྟག་བཅོས་ལ་བྲང་ཁོག་ཕྱི་ནད་ཚན་ཁག་དང་སྐྲན་རིགས་ནང་ནད་ཚན་ཁགའགྱེད་འཕྲོ་གསོ་ཐབས་ཚན་ཁགན་ལུགས་ཚན་ཁག་བཅས་ཀྱི་སྨན་པ་དང་སེམས་ཁམས་སྨན་པ་སོགས་སྣ་མང་རིག་ཚན་གྱི་སྨན་བཅོས་སྒྲིག་འཛུགས་ལེགས་འགྲུབ་བྱ་དགོས།ཆ་རྐྱེན་བཟང་བའི་སྨན་ཁང་དང་འབྲས་སྐྲན་གསོ་བཅོས་ལྟེ་གནས་ཁག་གིས་སྣ་མང་རིག་ཚན་ཕྱོགས་བསྡུས་ཀྱི་གློ་འབྲས་གསོ་བཅོས་ལྟེ་གནས་བཙུགས་ཏེ་ནད་པར་ཕྱོགས་ཡོངས་ནས་གསོ་བཅོས་ཞབས་ཞུ་བྱེད་པར་འོས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com