བོད་སྨན་ཐོན་ལས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ།
རྩོམ་པ་པོ།:ལྗོན་སྨྱུག
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2010-11-08 10:17:00
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། བོད་ལྗོངས་ཀྱིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་སྨན་བྱ་གཞག་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་རེད།
ཤེས་གསལ་ལྟར་ན།“ལོ་ལྔ་ཚན་བཅུ་གཉིས་”པའི་སྐབས་སུ། བོད་ལྗོངས་ཀྱིས་བོད་སྨན་བྱ་གཞག་གོང་དུ་སྤེལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྔར་ལས་ལྷག་པར་ལག་བསྟར་སྐུལ་སྤེལ་བྱ་རྒྱུ་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་བོད་སྨན་གྱི་བཟོ་དབྱིབས་ཇེ་ལེགས་སུ་གཏོང་བ་དང་། སྨན་སྡེབ་སྟངས་གསར་དུ་བསྒྱུར་བ། ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཁར། གསར་བྱུང་སྨན་རྫས་ལ་ཞིབ་འཇུག་དང་། དེ་འདོན་སྤེལ། ཐོན་སྐྱེད་བཅས་བྱས་ནས《སྨན་རྫས་ཐོན་སྐྱེད་ཆོག་མཆན་དཔང་ཡིག》ཐོབ་པའི་ཁེ་ལས་དང་། དེ་མིན་འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་ཆོག་མཆན་ཐོབ་པར་བརྟེན་ནས་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་དང་། གསོ་སྤེལ། ཚོང་ལས་གཉེར་བའི་ཁེ་ལས་ཀྱིས། རྣམ་གྲངས་དེའི་ཐོན་སྐྱེད་དང་ཚོང་ལས་གཉེར་བ་ལས་རག་པའི་ཡོང་འབབ་ཐོག་མར་གཏོགས་པ་དེར་ཁྲལ་འཇལ་བའི་ལོ་ནས་བཟུང་། ཁེ་ལས་ཀྱི་ཐོབ་ཁྲལ་ལོ་དྲུག་རིང་ལ་མི་བསྡུ་བ་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱིས་ལག་རྩལ་མཐོ་ཤོས་དང་གསར་ཤོས་ཡིན་པའི་ཁེ་ལས་སུ་ངོས་འཛིན་བྱས་ཡོད་པར་མ་ཟད། ལག་རྩལ་མཐོ་ཤོས་དང་གསར་ཤོས་ཀྱི་ཐོན་རྫས་རིན་ཐང་རྒྱལ་ཁབ་ཀྱིས་ཐག་བཅད་ཡོད་པའི་བསྡུར་ཚད་སྟེང་སླེབས་ཡོད་ཕྱིན། ངོས་འཛིན་བྱས་པའི་ཉིན་དེ་ནས་བཟུང་། ཁེ་ལས་ཀྱི་ཁྲལ་འུད་སོ་སོར་ལོ10དང8རིང་ལ་མི་བསྡུ་བ་བྱ་རྒྱུ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི”སྐབས་སུ་བོད་ལྗོངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན། བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་ཁག་གིས“མངའ་ཁོངས་གཅིག་བསྡུས་དང་། གཞི་ཁྱོན་རྒྱ་བསྐྱེད། སྤུས་ཚད་མཐོར་འདེགས། ཕན་འབྲས་ཇེ་ལེགས་སུ་གཏོང་བ”བཅས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་ལྟར། ཡིད་རྟོན་དངུལ་བུན་སྙོམས་སྒྲིག་ལེགས་པོ་བྱས་ཏེ། འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པའི་བོད་སྨན་ལས་རིགས་ཀྱི་རྣམ་གྲངས་དག་རྒྱབ་སྐྱོར་བྱེད་ཡུལ་གཙོ་བོར་འཇོག་རྒྱུ་ཡིན་པ་མ་ཟད། བོད་སྨན་ལས་རིགས་ཀྱི་ཡིད་རྟོན་དངུལ་བུན་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ་བོད་སྨན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།