རྒྱུན་དུ་སྣ་ཁུང་སློག་ན་ཆམ་ནད་འབྱུང་སླ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཚན་རྩལ་དྲ་བ། དུས་ཚོད།:2008-03-11 09:14:37 ཀློག་གྲངས།:
    འཚོ་བའི་ཁྲོད་རྒྱུན་དུ་སྣ་ཁུང་བསློག་བཞིན་པའི་མི་མཐོང་ཐུབ།   སྣང་ཚུལ་དེ་གཞན་གྱིས་མཐོང་ན་ཡག་པོ་ཞིག་མིན་པར་མ་ཟད།   ཆམ་ནད་ཀྱང་ཕོག་སླ།   རྒྱུ་མཚན་ནི་མིའི་སྣ་ཁུང་ནང་གི་སྤུ་དང་སྐྱི་རྩི་ཡིས་ནད་དུག་དང་འབུ་ཕྲ་འགོག་ཐུབ། གལ་ཏེ་རྒྱུན་དུ་སྣ་ཁུང་བསློག་ན།  སྣ་ཁུང་ནང་གི་སྤུ་དང་སྐྱི་རྩི་ལ་གནོད་པ་ཐེབས་སླ་བས།   ཐད་ཀར་སྣ་ཁུང་ནང་གི་སྔོན་འགོག་ནུས་པ་ཉམས་སུ་འཇུག་ངེས།   གལ་ཏེ་ཆམ་པའི་ནད་དུག་དང་འཕྲད་ན།   ནད་དུག་སླ་མོའི་ངང་སྣ་ཁུང་བརྒྱུད་ནས་དབུགས་ལམ་དུ་སོང་སྟེ་ཆམ་ནད་འབྱུང༌།   དེའི་ཕྱིར་སྣ་ཁུང་བསློག་པའི་གོམས་གཤིས་ངན་པ་དེ་ངེས་པར་དུ་བསྒྱུར་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།