ཐ་མག་གཅོད་པའི་གདམས་ངག་ལྔ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-02-06 08:48:53
ཀློག་གྲངས།:
ཐ་མག་གཅོད་པ་ནི་འཕྲལ་མར་འགྲུབ་པ་ཞིག་མ་ཡིན་པར། དེ་ནི་ཚན་རིག་དང་མཐུན་པའི་འཆར་གཞི་དང་བསམ་པའི་རྒྱབ་སྐྱོར་དགོས་པའི་གོ་རིམ་ཞིག་རེད། ཐེངས་དང་པོར་ཐ་མག་གཅོད་མཁན་ནམ་ཡང་ན་ཡང་དང་བསྐྱར་དུ་བཅད་ཀྱང་གྲུབ་འབྲས་བྱུང་མེད་པ་གང་ཡིན་རུང་། ཐབས་ཇུས་ཡང་དག་ཁོང་དུ་ཆུད་ཚེ། ལེགས་འགྲུབ་འབྱུང་བའི་སྲིད་ཕྱོད་ཇེ་མཐོར་གཏོང་ཐུབ།
གཅིག ཐ་མག་གཅོད་པའི་འཆར་གཞི་གསལ་པོ་བཟོ་བ།
འཆར་གཞི་ཞིབ་ཕྲ་འགོད་པ་ནི་ཐ་མག་གཅོད་ཐུབ་པའི་གོ་རིམ་གཙོ་བོ་ཞིག་རེད། ཐ་མག་གཅོད་པའི་དུས་ཚོད་ཞིབ་ཕྲ་གཏན་འཁེལ་བྱས་རྗེས། ཁྱིམ་མི་དང་གྲོགས་པོར་སྔོན་བརྡ་གཏོང་དགོས། དེ་ལྟར་བྱས་ན་ཁས་ལེན་གྱི་ཚོར་བ་ཇེ་ཆེར་གཏོང་ཐུབ་པར་མ་ཟད། མི་རྣམས་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཐུབ། ཐ་མག་གཅོད་པའི་འཆར་གཞིའི་ནང་ཉིན་རེར་ཐ་མག་འཐེན་ཚད་ཇེ་ཉུང་དུ་གཏོང་བའི་ཞིབ་ཕྲའི་བཀོད་སྒྲིག་དང་། དེ་བཞིན་ཐ་མག་འཐེན་པའི་བསླུ་བྲིད་ལ་གདོང་གཏོད་པའི་ཐབས་ཇུས་ཚུད་དགོས། དཔེར་ན། ཐ་མག་འཐེན་སར་མི་འགྲོ་བ་ལྟ་བུ།
གཉིས། ཐ་མག་གཅོད་པའི་ལག་ཆ་དང་གཞོགས་འདེགས་ཀྱི་སྨན་རྫས་སྤྱོད་པ།
ཞིབ་འཇུག་ལས་མངོན་པ་ལྟར་ན། ཉི་ཀུའུ་ཏིང་གི་ཚབ་བྱེད་གསོ་ཐབས(དཔེར་ན་སྦྱར་སྨན་དང་ཁ་གཙང་ཐང་ཆུ)སམ་སྨན་པས་སྤྲད་པའི་ཐ་མག་གཅོད་བྱེད་ཀྱི་སྨན་རྫས་སྤྱད་ཚེ། ཐ་མག་གཅོད་པའི་མི་ལེགས་པའི་སྣང་ཚུལ་ཇེ་ལེགས་དང་ཐ་མག་གཅོད་ཐུབ་ཚད་ཇེ་མཐོར་གཏོང་ཐུབ། ཐ་མག་འཐེན་པར་གོམས་མཁན་ལ་མཚོན་ན། སེམས་ཁམས་ལ་སློབ་སྟོན་དང་བྱ་སྤྱོད་ལ་ཐེ་གཏོགས་བྱེད་པ་ནི་རམ་འདེགས་བྱེད་ཐབས་གལ་ཆེན་ཞིག་རེད། སྨན་རྫས་དང་བསམ་པའི་རྒྱབ་སྐྱོར་བྱེད་པའི་ཕྱོགས་བསྡུས་ཀྱི་ཐ་མག་གཅོད་པའི་ཇུས་གཞི་དང་ཟུང་འབྲེལ་བྱས་ན། ཕན་འབྲས་སྔར་ལས་མངོན་གསལ་ཐོབ།
གསུམ། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་བ།
ཐ་མག་བཅད་མཁན་མང་པོས་བཤད་རྒྱུར། ཁྱིམ་ཚང་གི་སྐུལ་ལྕག་དང་ཐུགས་ཁུར་ནི་ཁོ་ཚོས་རྒྱུན་འཁྱོངས་བྱེད་ཐུབ་པའི་སྒུལ་ཤུགས་གལ་ཆེན་ཞིག་རེད། གཞན་ཡང་ཐ་མག་གཅོད་པར་རྒྱབ་སྐྱོར་བྱེད་པའི་མི་ཚོགས་སུ་ཞུགས་པའམ་ཡང་ན་ཐ་མག་གཅོད་རོགས་ཚོགས་པར་ཞུགས་ཚེ། ཐ་མག་གཅོད་མཁན་གྱིས་ཐུན་མོང་གི་སྟོབས་ཤུགས་ཚོར་ཐུབ་པ་དང་ཁེར་རྐྱང་གི་ཚོར་བ་ཇེ་ཉུང་དུ་གཏོང་ཐུབ།
བཞི། གནོན་ཤུགས་དང་སེམས་ཁམས་ལ་དོ་དམ་བྱེད་པ།
གནོན་ཤུགས་ནི་ཐ་མག་བསྐྱར་འཐེན་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། སེམས་ཁམས་ལ་དོ་དམ་བྱེད་ཤེས་པ་ནི་ཐ་མག་གཅོད་མཁན་ལ་མཚོན་ན་ཧ་ཅང་གལ་ཆེ། ཞིབ་འཇུག་ལས་མངོན་པ་ལྟར་ན། ཆོས་ཉིད་ལྡན་པའི་ལུས་སྦྱོང་དང་འཇགས་སྒོམ། འབྱིན་རྔུབ་སྦྱོང་བརྡར་བཅས་བྱས་ན། གནོན་ཤུགས་ཇེ་ཆུང་དང་ཐ་མག་གཅོད་པའི་ཧོལ་རྒྱུག་ཇེ་ཉུང་དུ་གཏོང་ཐུབ། དེ་དང་མཉམ་དུ། བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་པར་བྱེད་པ་སྟེ། དཔེར་ན་གཉིད་འདང་བ་དང་བཟའ་བཏུང་དོ་མཉམ་ཡོང་བར་ཁག་ཐེག་བྱས་ན། ཐ་མག་གཅོད་མཁན་གྱི་ལུས་སེམས་དོ་མཉམ་རྒྱུན་འཁྱོངས་ཡོང་བར་ཡང་ཕན།
ལྔ། བྱ་དགའ་སྤྲོད་པའི་ལམ་སྲོལ་བཙུགས་ནས་སེམས་ཁམས་ལེགས་པོ་རྒྱུན་འཁྱོངས་བྱེད་པ།
ཐ་མག་གཅོད་པ་ནི་དཀའ་ཁག་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས། དམིགས་འབེན་ཆུང་ངུ་བཟོས་ནས་དུས་ཐོག་ཏུ་རང་ཉིད་ལ་བྱ་དགའ་སྤྲད་ན། སྒུལ་ཤུགས་རྒྱུན་འཁྱོངས་བྱེད་པར་ཕན། དཔེར་ན། ཐ་མག་བཅད་རྗེས་གཟའ་འཁོར་གཅིག་གམ་ཡང་ན་ཟླ་གཅིག ལོ་གཅིག་གི་སྐབས་སུ། རང་ཉིད་ལ་ལེགས་སྐྱེས་ཆུང་ངུ་ཞིག་གྲ་སྒྲིག་བྱས་ཏེ། རང་ཉིད་ཀྱི་ཡར་རྒྱས་ལ་རྟེན་འབྲེལ་ཞུས་ཆོག སེམས་ཁམས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ། བར་ཆད་ཕྲན་བུ་བྱུང་ནའང་དེ་ཉིད་ཐ་མག་གཅོད་པའི་བརྒྱུད་རིམ་ཞིག་ཡིན་པར་ཡིད་ཆེས་དགོས།
ཐ་མག་གཅོད་པ་ལ་མི་སྒེར་གྱི་ཆོད་སེམས་དགོས་པར་མ་ཟད། ཚན་རིག་དང་མཐུན་པའི་ཐབས་རྩལ་དང་ཕྱོགས་ཡོངས་ཀྱི་རྒྱབ་སྐྱོར་ཡང་དགོས། ཐ་མག་གཅོད་པའི་འཆར་གཞི་བཟོས་པའི་རྨང་གཞིའི་ཐོག ཁྱིམ་ཚང་དང་སྤྱི་ཚོགས། ཆེད་ལས་བཅས་ཀྱི་རོགས་རམ་དང་ཟུང་འབྲེལ་བྱས་ཏེ། གནོན་ཤུགས་དང་སེམས་ཁམས་ལ་དོ་དམ་ཡག་པོ་བྱས་ནས་མཐའ་མའི་བར་རྒྱུན་འཁྱོངས་བྱ་དགོས། སྔོན་ཆད་ཕམ་ཁ་ག་ཚོད་བརྒྱུད་མྱོང་ཡང་། རྒྱུན་ཆད་མེད་པར་ཚོད་ལྟ་བྱས་ཚེ། ཐ་མག་གཅོད་ཐུབ་པའི་རྒྱལ་ཁ་ནི་ཁྱོད་ལ་དབང་བ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号