མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རང་སྦྱོར་སྨན་རྫས་རིགས187སྨན་བཅོས་ཉེན་སྲུང་སྨན་རྫས་དཀར་ཆག་ཏུ་བཞག་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རང་སྦྱོར་བོད་སྨན་ལས་སྣོན་རིགས187དེ《མཚོ་སྔོན་ཞིང་ཆེན་གཞི་རྩའི་སྨན་བཅོས་ཉེན་སྲུང་གི་ལས་རྨས་ཉེན་སྲུང་དང་ཕྲུག་སྐྱེས་ཉེན་སྲུང་སྨན་རྫས་ཀྱི་དཀར་ཆག》རིགས་ཁ་བའི་སྨན་རྫས་ཀྱི་ཁོངས་སུ་བཞག་པས། དེས་གྲོང་ཞང་སྡོད་དམངས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་ལ། མང་ཚོགས་ཀྱི་བོད་སྨན་སྨན་བཅོས་ཞབས་ཞུའི་མཁོ་འདོད་ཚིམས་པར་བྱས་པ་རེད།
ཉེ་བའི་ལོ་ནང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྨན་བཅོས་བྱེད་དུ་འོང་བའི་ནད་པའི་ཁྲོད་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་ཉེན་སྲུང་དང་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་ལམ་ལུགས་གསར་པའི་སྨན་བཅོས་མི་སྣ85%ཡན་ལ་ཟིན་ཞིང་། མིག་སྔར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྨན་རྫས་ལས་སྣོན་གྱི་ཆོག་མཆན་ཐོབ་པའི་བོད་སྨན་ལས་སྣོན་གྱི་སྨན་སྣ401ཡོད་པ་དང་། རྒྱུན་སྤྱོད་བོད་སྨན་ལས་སྣོན་བྱེད་པའི་སྨན་སྣ376ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com