བོད་ཀྱི་གསོ་རིག་སྨན་ཐང《རྒྱུད་བཞི》འཚོལ་སྡུད་དང་དཔྱད་འབེབས་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-27 10:19:00 ཀློག་གྲངས།:

བོད་ཀྱི་གསོ་རིག་སྨན་ཐང་སྟེ《རྒྱུད་བཞི》འཚོལ་སྡུད་དང་དཔྱད་འབེབས་བྱས།
བོད་ཀྱི་གསོ་རིག་སྨན་ཐང《རྒྱུད་བཞི》།

        ཉེ་སྔོན། རེབ་གོང་སྒྱུ་རྩལ་གྱི་གཅེས་ནོར་ཏེ་བོད་ཀྱི་གསོ་རིག་སྨན་ཐང《རྒྱུད་བཞི》འཚོལ་སྡུད་དང་དཔྱད་འབེབས་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དབྱི་ཧྥུ་ཐོག་ཁང་གཉིས་པའི་ཚོམས་ཆེན་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་། བོད་རིག་པའི་ཆེད་མཁས་པ་ཞེའེ་ཙོ་སོགས་ཞིང་ཆེན་གྱི་ཆེད་མཁས་པ། རྨ་ལྷོ་ཁུལ་ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁས་པ། རྒྱལ་ཁབ་རིམ་པའི་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་པ་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།
        《རྒྱུད་བཞི》ནི་བོད་ཀྱི་གསོ་རིག་མ་ལག་ཧྲིལ་བོའི་རྨང་གཞིའི་གཞུང་ལུགས་ཏེ་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་ཆེས་གལ་ཆེ་བའི་གསུང་དཔེ་ཞིག་ཡིན་པ་རེད། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དར་སྤེལ་བྱེད་པར་འབྲེལ་ཡོད་མི་སྣ་རྩ་འཛུགས་སྒོས་རྟོག་ཞིབ་བྱས་པར་བརྒྱུད། རྨ་ལྷོ་ཁུལ་ནས་ཐང་ག82ལས་གྲུབ་པའི་རེབ་གོང་སྒྱུ་རྩལ་གྱི་གཅེས་ནོར་ཏེ་བོད་ཀྱི་གསོ་རིག་སྨན་ཐང《རྒྱུད་བཞི》འཚོལ་སྡུད་བྱེད་ཐུབ་པ་བྱུང་། འདི་ནི་གཙོ་ཆེར《རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ》ནང་གི་ཡི་གེ་རྨང་གཞི་བྱས་པ་དང《སྨན་དཔྱད་ཟླ་བའི་རྒྱལ་པོ》ཁྲོད་ཀྱི་ནང་དོན་འགའ་ཁ་གསབ་གནང་ཐོག  ཐང་ག་རབས་དང་རིམ་པས་བོད་ཀྱི་གསོ་རིག་གི་ནང་དོན་ཧྲིལ་བོ་པར་རིས4900ལྷག་ལས་མཚོན་པར་བྱས། ཆེད་མཁས་པ་རྣམས་ཀྱིས་གཅེས་ནོར་འདིའི་ཁྱད་དུ་འཕགས་པའི་མི་རིགས་ཀྱི་རྒྱུ་ཆའི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་ཁ་དོག  ཐུན་མོང་མ་ཡིན་པའི་མཛེས་རིས་ལག་རྩལ་བཅས་ལ་ཁས་ལེན་གནང་སྟེ།  གཞི་རྩའི་ཐད་ནས་ཞིབ་བཤེར་ཐོབ།
        བོད་ཀྱི་གསོ་རིག་སྨན་ཐང《རྒྱུད་བཞི》བདེ་བླག་ངང་ཞིབ་བཤེར་དཔྱད་འབེབས་ཐོབ་པ་དེས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱིས་རེབ་གོང་སྒྱུ་རྩལ་གྱི་གཅེས་ནོར་སྡུད་པའི་བྱ་འགུལ་མགོ་བརྩམས་པ་མཚོན་ཞིང་། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་རེབ་གོང་སྒྱུ་རྩལ་དྲིལ་སྒྲོག་དང་སྲུང་སྐྱོབ་བྱ་བར་ནུས་པ་ཆེན་པོ་ཐོན་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།