བོད་ཀྱི་གསོ་རིག་ཆེད་མཁས་པས་ཕོ་ལན་གསོ་རིག་ཆེད་མཁས་པར་འབྲེལ་འདྲིས་བྱེད་པ།
ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་བྱ་འགུལ་སྟེང་གི་བྲོ་གར་འཁྲབ་སྟོན།
ཟླ11པའི་ཚེས6ཉིན། ཕོ་ལན་རྒྱལ་ཁབ་ཏུ་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་བྱ་འགུལ་དུ་ཞུགས་པའི་ཀྲུང་གོའི་བོད་རིག་ཆེད་མཁས་ཚོགས་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་བསོད་ནམས་དངོས་གྲུབ་ཀྱིས་ཧྭ་ཧྲ་ངལ་རྩོལ་གསོ་རིག་ཞིབ་འཇུག་ཁང་གི་གྲོས་ཚོགས་ཚོམས་ཁང་དུ་ཕོ་ལན་གྱི་གསོ་རིག་ཆེད་མཁས་པ་རྣམས་དང་འབྲེལ་འདྲིས་སྒོས་བོད་ཀྱི་སྲོལ་རྒྱུན་གསོ་རིག་རིག་གནས་མཚམས་སྦྱོར་བྱས།
ཁོས་ཐོག་མར་བོད་ཀྱི་སྲོལ་རྒྱུན་གསོ་རིག་རིག་གནས་སྐོར་བརྗོད་དེ་རིམ་བཞིན་གནའ་ནས་ད་བར་གྱི་བོད་ཀྱི་གསོ་རིག་ལོ་རྒྱུས་དང་། ནད་ཐོག་ལག་ལེན་གྱི་ཉམས་མྱོང་སོགས་ཕྱོགས་གང་མང་ནས་གསལ་བཤད་གནང་། འདིས་ཕོ་ལན་གྱི་གསོ་རིག་ཆེད་མཁས་པའི་སྤྲོ་སེམས་རབ་ཏུ་བཀུག་སྟེ་བོད་ལུགས་གསོ་རིག་དང་ནུབ་ཕྱོགས་གསོ་རིག་ཇི་ལྟར་མཐུན་སྦྱོར་བྱེད་པ་དང་། ནུབ་ཕྱོགས་ཀྱི་སྨན་ཁང་དང་འབྲེལ་འདྲིས་བྱས་ཡོད་མེད། ཁབ་བཙའི་གསོ་ཐབས་དེ་བོད་སྨན་ཁང་དུ་གསོ་བཅོས་བྱེད་ཚད་ག་འདྲར་སླེབས་པ། བོད་སྨན་གྱི་རྫས་ཇི་ལྟར་ལེན་པ། བོད་སྨན་བཟོ་ཐབས། བོད་ལྗོངས་ཀྱི་མིའི་ཚེ་ཐག་སོགས་དྲི་བ་གཅིག་རྗེས་གཉིས་མཐུད་ཀྱིས་བཏོན་པར་བརྟེན། བསོད་ནམས་དངོས་གྲུབ་དང་བོད་ལྗོངས་བོད་ཆེན་རྩོམ་རིག་གླིང་གི་གླིང་གཙོ་གཞོན་པ་ལྷག་པ་ཚེ་བརྟན་གཉིས་ཀྱིས་གཟབ་ནན་སྒོས་དྲི་བ་རེ་རེར་ལན་གསལ་བོ་བཏབ།
མཱ་རེ་ཨོ་ལཱMARIOLA PAWLOWICZ-PAWLOWSKAནི་ཕོ་ལན་ཁབ་བཙའ་མཐུན་ཚོགས་མཱ་ཟོ་ལནMAZOWIANས་གནས་ཀྱི་འགོ་གཙོ་ཞིག་ཡིན་ཞིང་། ཕོ་ལན་དུ་སློབ་སྦྱོང་བྱེད་པའི་དུས་སྐབས་ནང་ལོ་ངོ14རིང་ལ་ཁབ་བཙའི་གསོ་ཐབས་ལག་ལེན་བྱས་མྱོང་། དེར་བརྟེན་མོས་ཁབ་བཙའ་གསོ་ཐབས་ནི་བོད་སྨན་ཁང་དུ་གསོ་བཅོས་ཀྱི་ཚད་ག་འདྲ་ཡིན་པར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com