༄༅།།སྨན་རྩྭ་གུར་ཏིག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-17 09:34:03
ཀློག་གྲངས།:
མིང་གཞན། ལུག་མིག་དང་། གསང་སྨན་བདུད་རྩི། ཕག་སུག་པ་སོགས་ཀྱང་ཟེར།
ཀྲུང་མིང་། 垂头虎耳草
རྒྱལ་སྤྱིའི་ཐ་སྙད། MenthaavensisL
སྡེ་ཁོངས། མཆུ་དབྱིབས་མེ་ཏོག་སྡེ། གུར་ཏིག་གི་ཁོངས་གཏོགས།
སྐྱེ་དབྱིབས། འཁྲུངས་དཔེ་རུ། གསང་སྨན་བདུད་རྩི་གུར་ཏིག་ནི། ཉིན་གྱི་ཤིང་གསེབ་བསིལ་གྲིབ་སྐྱེ། ལོ་མ་སྒོར་མོ་མཐུག་པ་ལ། སྐྱེ་དབྱིབས་རྒྱལ་མཚན་ལྟ་བུ་སྐྱེ། ཞེས་བསྟན་པ་ལྟར་གུར་ཏིག་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཐུང་ལ་ཕྲ་ཞིང་སྙུང་རིལ་དབྱིབས་ལ་རྩ་ཕྲན་སེར་ནག་མང་བ་དང་། སྡོང་པོ་གྲུ་བཞི་ལྡེམ་པར་ཚིགས་པ་དང་སྤུ་འཇམ་རིང་པོ་ཡོད་ཅིང་། ལོ་མ་ལྗང་ནག་སྙུང་ལེབ་དབྱིབས་ཀྱི་མཐར་ཉག་ག་ཆུང་ཡོད་པ་ཕན་ཚུན་རེས་མོས་སུ་སྐྱེ་ཞིང་ལོ་མའི་ངར་བ་ཐུང་ཞིང་རྩ་རིས་གསལ་ལ་རྒྱབ་མདུན་དུ་སྣུམ་ཐིག་འདྲ་བ་ཡོད། མེ་ཏོག་ཆུང་ལ་མང་བ་ཚགས་དམ་ཞིང་ཁ་དོག་དམར་སྐྱའམ་སྨུག་སྐྱ་ཕན་ཚུན་ལོ་མའི་བར་མཚམས་ནས་རིམ་པས་འཁོར་ཏེ་ཤར་བ་དང་། འབྲས་བུ་ཆུང་བའི་མདོག་ཁམ་སྐྱར་ཡང་སྣུམ་ཐིག་འདྲ་བ་ཡོད།
འཐུ་དུས་དང་ལས་སྣོན། སྨན་དུ་རྩ་ལོ་ཆ་ཚང་དགོས་པས་བོད་ཟླ་དྲུག་པའམ་བདུན་པར་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་སྐམ་ནས་སྤྱོད་རྒྱུ།
རོ་ནུས་ཞུ་རྗེས། རོ་ཁ་ལ་ཚ་བ་དང་། ཞུ་རྗེས་ཁ་བ། ནུས་པ་བསིལ་བའོ། །
རྐྱང་བའི་ཕན་ཡོན། ཁྲག་མཁྲིས་ཀྱི་ནད་དང་། རྨ་ལ་གཉན་ཚད་རྒྱས་པ། རྩ་ལ་ཚད་པ་ཞུགས་པ་སོགས་ལ་ཕན།

འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།