ཨ་རུ་བོད་སྨན་སྡེ་ཚོགས་ཨ་རིར་བསྐྱོད་དེ་རྒྱལ་སྤྱིའི་མཉམ་འབྲེལ་བྱེད་པ།
དགེ་རྒན་ཆེན་མོ་འོད་ཚོགས་ཆེན་གྱིས་ཉིག་ཡོ་ན་བོད་ཀྱི་གསོ་རིག་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་འོད་ཚོགས་ཆེན་དང་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་སློབ་གཙོ(Teresa A. Sullivan)དང་འབྲེལ་འདྲིས་བྱེད་པ།
དགེ་རྒན་ཆེན་མོ་འོད་ཚོགས་ཆེན་དང་། འབུམ་རམས་པ་དཀོན་མཆོག་རྒྱལ་མཚན། ཀི་ལུན་པུ་ཡ་སློབ་ཆེན་གྱི་མིང་
གྲགས་དགེ་རྒན་ཆེན་མོRobert A. Thurman བཅས་ཕན་ཚུན་འབྲེལ་འདྲིས་བྱེད་པ།
ཉེ་ལམ། ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་གྲྭ་ཆེན་མོ་དང་ཁཱ་ལེ་ཧྥའོ་ཉི་ཡ་སློབ་གྲྭ་ཆེན་མོ་གཉིས་ཀྱིས་གདན་འདྲེན་ཞུས་པར་བརྒྱུད། མཚོ་སྔོན་ཞིང་ཆེན་བོད་རིགས་གསོ་རིག་གླིང་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་གསོ་རིག་ཞིབ་འཇུག་གླིང་། མཚོ་སྔོན་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ཤེས་ཡོན་པ་སོགས་ལས་གྲུབ་པའི་ཨ་རུ་ར་བོད་སྨན་སྡེ་ཚོགས་ཀྱི་ཨ་རིར་གཟིགས་ཞིབ་ཏུ་བསྐྱོད་པའི་མི་སྣ10ཡིས་ཨ་རུ་ན་རྒྱལ་སྤྱིའི་མཉམ་འབྲེལ་འབྲེལ་འདྲིས་བྱེད་པ་རེད།
དགེ་རྒན་ཆེན་མོ་འོད་ཚོགས་ཆེན་དང་ཤཱ་ལོ་ཐིའུ་ཝེ་ཨར་གྲོང་ཁྱེར་གྱི་འགོ་གཙོ(Dr. Satyendra Singh Huja)དང་འབྲེལ་འདྲིས་བྱེད་པ།
དགེ་རྒན་ཆེན་མོ་འོད་ཚོགས་ཆེན་གྱིས“བོད་ཀྱི་གསོ་རིག་དང་སྒོམ་པ”ཞེས་པའི་རིག་གཞུང་འཆད་ཁྲིད་གནང་བ།
དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་རིག་གཞུང་འཆད་ཁྲིད་གནང་བ།
ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་གྲྭ་ཆེན་མོ་དང་ཁཱ་ལེ་ཧྥའོ་ཉི་ཡ་སློབ་གྲྭ་ཆེན་མོ་གཉིས་ཀྱིས་དུས་ཡུན་ལོ་གང་མང་ཞིག་ལ་ཨ་རུ་བོད་སྨན་སྡེ་ཚོགས་དང་མཉམ་འབྲེལ་བྱས་པ་ཡིན་ཞིང་། བོད་ཀྱི་གསོ་རིག་ཞིབ་འཇུག་དང་སྨན་རྫས་སྔོག་འདོན། མཐོ་རིམ་མི་སྣ་གསོ་སྐྱོང་བཅས་ཀྱི་ཐད་ནས་དགེ་མཚན་ལྡན་པའི་ཕན་འབྲས་བླངས། ཨ་རི་ན་སྡོད་པའི་དུས་སྐབས་སུ། ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས་ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་གྲྭ་ཆེན་མོའི་སྒོམ་པའི་ཚན་རིག་ལྟེ་གནས་དང་། བོད་རིག་པའི་ཞིབ་འཇུག་གླིང་། ནད་གཡོག་སློབ་གླིང་དང་མཉམ་དུ་བདེ་བླག་ངང་དུས་ཡུན་ཉིན་གསུམ་གྱི་བོད་ཀྱི་གསོ་རིག་དང་སྒོམ་པའི་གླེང་མོལ་གྲོས་ཚོགས་བསྡུས་པ་རེད། ཨ་རི་དང་། འཇར་མན། ཁ་ན་ཏ་སོགས་རྒྱལ་ཁབ་ནས་སླེབས་པའི་གསོ་རིག་དང་སེམས་ཁམས་རིག་པའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ཤེས་ཡོན་པ400ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། གཟིགས་ཞིབ་ཚོགས་པས་ཆེན་དོན་སྙན་ཞུ་དང་རིག་གཞུང་འཆད་ཁྲིད་གནང་བ་སྟེ། བོད་ཀྱི་གསོ་རིག་ལོ་རྒྱུས་དང་ད་ལྟའི་གནས་བབས། གཞུང་ལུགས་དང་ལག་ལེན། འཕེལ་རྒྱས་དང་གསར་སྐྲུན། དར་སྤེལ་དང་ཁྱབ་བསྒྲགས་སོགས་ཀྱི་ཐད་ནས་གྲོས་ཞིབ་མཛད་དེ་དངོས་ཞུགས་ཆེད་མཁས་པ་རྣམས་ཀྱིས་ཁས་ལེན་དང་ཚད་མཐོའི་གདངས་འཇོག་བྱས།
ཚེ་མགོན་ཐར་གྱིས་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
མཚོ་སྔོན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་རྡོ་རྗེས་རིག་གཞུང་འཆད་ཁྲིད་གནང་བ།
མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་གླིང་གི་དགེ་རྒན་ཆེན་མོ་ཀླུ་བྱམས་རྒྱལ་གྱིས་རིག་གཞུང་འཆད་ཁྲིད་བྱེེད་པ།
ཨ་རིའི་ཨ་རུ་བོད་སྨན་བདེ་ཐང་རིག་གནས་ལྟེ་གནས་ལས་གཞི་དངོས་སུ་འགོ་བརྩམས་ཤིང་། ལྟེ་གནས་འདི་ལེགས་འགྲུབ་བྱུང་རྗེས་ཨ་རིའི་ཐོག་དང་པོའི་བོད་ཀྱི་གསོ་རིག་འགྲེམ་སྟོན་དང་གསོ་སྦྱོང་། ཞིབ་འཇུག དེ་མིན་བོད་ཀྱི་གསོ་རིག་བདེ་སྲུང་། ལུས་ཁམས་སླར་གསོ་སོགས་གཞི་གཅིག་ཏུ་འདུས་པའི་བོད་ཀྱི་གསོ་རིག་བདེ་ཐང་ལྟེ་གནས་ཤིག་ཏུ་འགྱུར་ངེས། ད་དུང་ཨ་རུ་བོད་སྨན་སྡེ་ཚོགས་ཀྱིས་ཁཱ་ལེ་ཧྥའོ་ཉི་ཡ་སློབ་གྲྭ་ཆེན་མོ་དང་རྗེས་ཕྱོགས་ལོ་ལྔའི་མཉམ་འབྲེལ་ཐབས་ཇུས་ཀྱི་གྲོས་མཐུན་ཡི་གེ་བཀོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com