བོད་ལྗོངས་བོད་སྨན་ཁང་གི་རྒྱ་བསྐྱེད་བསྐྱར་སྐྲུན་བཟོ་བཀོད་འགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-22 15:11:00 ཀློག་གྲངས།:


གཡུ་ཐོག་ཡོན་ཏན་མགོན་པོ།

          ཟླ3པའི་ཚེས21ཉིན།  བོད་རང་སྐྱོང་ལྗོངས་བོད་སྨན་ཁང་རྒྱ་བསྐྱེད་བསྐྱར་སྐྲུན་བྱེད་པའི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ར་བར་སྤེལ་ཞིང་།  མཛད་སྒོ་ཡོངས་སུ་བོད་ཀྱི་སྲོལ་རྒྱུན་ཆོ་ག་གཞིར་བཟུང་བ་རེད།


བོད་ལྗོངས་བོད་སྨན་ཁང་གི་རྒྱ་བསྐྱེད་བསྐྱར་སྐྲུན་བཟོ་བཀོད་འགོ་རྩོམ་མཛད་སྒོ།

          སྨན་ཁང་གི་འགོ་གཙོས་མཚམས་སྦྱོར་བྱས་པ་ལྟར་ན།  འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.5ཡོད་ཅིང་། སྤྱོད་ནུས་ཆ་ཚང་ཞིང་སྒྲིག་ཆས་སྔོན་ཐོན་ཡིན་པར་མ་ཟད་ཁྱབ་ཁོངས་ངེས་ཅན་ཞིག་ལྡན་པའི་ནད་རྟགས་ཞིབ་འཇུག་ལྟེ་གནས་ཤིག་སྐྲུན་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་དུས་ཡུན་ལོ་གཅིག་གི་ནང་ལེགས་འགྲུབ་བཀོལ་སྤྱོད་བྱེད་ཐུབ་པར་བསམ། ལས་གཞི་འདི་ལེགས་འགྲུབ་བྱུང་རྗེས་ནད་པ་གང་མང་ཞིག་ལ་སྤུས་ཚད་ལེགས་པའི་སྨན་བཅོས་ཀྱི་ཁོར་ཡུག་ཞིག་མཁོ་འདོན་བྱེད་ཐུབ་པ་དང་མཚུངས་སུ། བོད་ཀྱི་གསོ་རིག་འཕེལ་རྒྱས་ལའང་ཡར་བསྐྱེད་ཀྱི་དོན་སྙིང་ཆེ་ཆེར་ལྡན།


བོད་ལྗོངས་བོད་སྨན་ཁང་གི་རྒྱ་བསྐྱེད་བསྐྱར་སྐྲུན་བཟོ་བཀོད་འགོ་རྩོམ་མཛད་སྒོའི་སྟེང་བསང་མཆོད་བྱེད་པའི་ཚུལ།

          མིག་སྔར།  བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་ཀླད་པའི་ཁྲག་རྩའི་ནད་དང་། ཕོ་བའི་ནད། མཆིན་པའི་ནད།  རུས་ཆག་གི་ནད་སོགས་སྨན་བཅོས་ཚན་ཁག12ལྷག་དང་།  བོད་ཀྱི་གསོ་རིག་སྨན་བཅོས་དང་བོད་ཀྱི་སྐར་རྩིས་རིག་པའི་ཞིབ་འཇུག་ཁང་གཉིས་བཙུགས་ཡོད་ཅིང་། བོད་སྨན་བཟོ་གྲྭ་སོགས་ཡན་ལག་སྡེ་ཁག་གསུམ་ལས་གསོ་རིག་དང་། ཁྲིད་སྦྱོང་། ཞིབ་འཇུག  སྔོག་འདོན་ཐོན་སྐྱེད་བཅས་ཀྱི་རྣམ་པ་གཞི་གཅིག་ཏུ་གྱུར་བའི་ལམ་ལུགས་ཆ་ཚང་གི་མ་ལག་སྡེ་ཁག་གྲུབ་པ་རེད།


བོད་ལྗོངས་བོད་སྨན་ཁང་གི་རྒྱ་བསྐྱེད་བསྐྱར་སྐྲུན་བཟོ་བཀོད་འགོ་རྩོམ་མཛད་སྒོ།

          དེའི་མཚུངས་སུ།  སྨན་ཁང་གིས་བོད་ཀྱི་གསོ་རིག་གཞུང་ལུགས་གཞི་རྩར་བཟུང་བའི་ཁར། རང་འགུལ་སྒོས་དེང་རབས་གསོ་རིག་གི་ཚན་རིག་གྲུབ་འབྲས་སྤྱད་དེ་སྔོན་ཐོན་ཚན་རིག་གི་དེང་རབས་ཅན་གྱི་སྨན་བཅོས་སྒྲིག་ཆས་དང་ཚན་ཞིབ་སྒྲིག་ཆས་ལེགས་པོར་དྲངས་བ་དང་།  བོད་སྨན་ཁྱད་ཆོས་དོད་པའི་སྨན་ཁང་གི་ཁ་ཕྱོགས་མ་འཁྲུལ་བའི་རྩ་དོན་རྒྱུན་འཁྱོངས་སྒོས། རྒྱུན་ནད་དང་།  སྣ་མང་ནད།  གསོ་བཅོས་བྱེད་དཀའ་བའི་སྣ་མང་ཉོག་ནད་སོགས་ཀྱི་ཐད་ལ་བོད་ཀྱི་ཁྱད་འཕགས་སྨན་བཅོས་བྱ་ཐབས་དང་བོད་ལྗོངས་མཐོ་སྒང་གི་རང་བྱུང་སྨན་རྫས་ཀྱི་ཐོན་ཁུངས་བཀོལ་སྤྱོད་བྱས་ཏེ་མངོན་གསལ་གྱི་གྲུབ་འབྲས་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།