མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཐོག་ཁང་གསར་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-30 09:44:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཐོག་ཁང་གསར་བ།

          མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས་གསར་དུ་ལས་པའི་ཞག་སྡོད་ཐོག་ཁང་དེ2009ལོའི་ཟླ9བ་ནས་བཟུང་འཛུགས་སྐྲུན་ལས་འགོ་བརྩམས་པ་དང་། 2011ལོའི་ཟླ11པའི་ཚེས8ཉིན་ལེགས་འགྲུབ་བྱུང་ནས་ད་ལྟ་དངོས་སུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད།


མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཐོག་ཁང་གསར་བའི་གྱོན་ཆས་སོགས་འཇོག་སའི་སྒམ།

          ཐོག་ཁང་དེར་ཁང་བརྩེགས་དགུ་ཡོད་ཅིང་། འོག་ཁང་ནི་དུག་སེལ་མཁོ་འདོན་ཁང་དང་སྨན་རྫས་མཛོད་ཁང་། ནད་ཐོ་ཁང་ཡིན་པ་དང་།  ཁེར་ཐོག་ནི་ལྕི་ནད་ལྟ་སྐྱོང་ཁང་དང་སྡོས་འབུད་སྡོམ་རྩིས་ཁང་།  དཀྱིལ་སྙིང་སྨན་རྫས་ཁང་ཡིན་ལ། དེའི་ནངCTའཕྲུལ་ཆས་དང Xའཕྲོ་འོད། གློག་རྡུལ་ཕོ་ཤེལ་སོགས་རྒྱལ་སྤྱིའི་ཆེས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། ཉིས་ཐོག་ནི་ནད་ཐོག་ལག་ལེན་དང་ལུས་པོ་ཞིབ་བཤེར།  ཚན་རྩལ་རྒྱང་བལྟའི་འདུས་དཔྱད་ལྟེ་གནས་ཡིན།  སུམ་ཐོག་ནི་ཕྲུག་བཙའི་ཚན་ཁག་དང་།   བཞི་ཐོག་ནི་མོ་ནད་ཚན་ཁག་ཡིན། ལྔ་ཐོག་ཏུ་སྤྱིར་བཏང་ཕྱི་ནད་ཚན་ཁག་དང་གཅིན་ཟགས་ཚན་ཁག་བཙུགས་ཡོད། དྲུག་ཐོག་ཏུ་རུས་ནད་ཚན་ཁག་དང་པོ་དང་།  བདུན་ཐོག་ཏུ་རུས་ནད་ཚན་ཁག་གཉིས་པ་དང་ནད་དེབ་ཚན་ཁག་བཙུགས་ཡོད།  བརྒྱད་ཐོག་ནི་སྦྲིད་བཟི་གཤགས་བཅོས་ཁང་ཡིན་པ་དང་། ཨ་རི་དང་འཇར་པན། འཇར་མན་སོགས་རྒྱལ་ཁབ་ནས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་གང་མང་ནང་འདྲེན་བྱས་ཡོད་པ་རེད།


མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཐོག་ཁང་གསར་བའི་ཁང་བརྩེགས་རིམ་པའི་མཚམས་སྦྱོར།

          མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཐོག་ཁང་གསར་བ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་སྔར་གྱི་རྣམ་པ་དང་བསྡུར་ན་ཞག་སྡོད་ཐོག་ཁང་གི་ཁོར་ཡུག་ཆ་རྐྱེན་མངོན་སུམ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་ཅིང་།  སྨན་བཅོས་སོགས་ཀྱི་གོ་རིམ་ཁྲོད་འཚང་ཁ་མི་རྒྱག་པ་དང་། སྨན་ཁང་གི་གཙང་སྦྲ་དང་ཞབས་ཞུ་སྒྲུབ་པ་བཟང་བ།  ནད་པར་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་མཁོ་སྤྲོད་བྱས་པ་སོགས་ཀྱི་མཐུན་རྐྱེན་བསྐྲུན་པས།  མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
          མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནི་རིམ་པ་གསུམ་ཅན་གྱི་ཕྱོགས་བསྡུས་སྨན་ཁང་ཆེན་པོ་ཞིག་ཡིན་ཞིང་། མཚོ་ལྷོ་ས་ཁུལ་གྱི་སྨན་བཅོས་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་།  ས་ཁུལ་ལ་ལའི་སྨན་བཅོས་སྒྲིག་ཆས་སོགས་ཞེན་པའི་ཆ་རྐྱེན་གང་མང་གི་དབང་གིས་ཐ་ན་མཚོ་སྔོན་གྱི་ས་ཁུལ་གཞན་པའི་ནད་པའང་འདིར་ཡོང་ནས་སྨན་བཅོས་བྱེད་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།