རང་རྒྱལ་གྱི་བོད་སྨན་རུས་ནད་ཆེད་ལས་སྨན་ཁང་ཐོག་མ་དེ་ལྷ་ས་ནས་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-21 11:12:00 ཀློག་གྲངས།:

            ཟླ3ཚེས17ཉིན།   ལྷ་སའི་བོད་སྨན་རུས་ནད་ཆེད་ལས་སྨན་ཁང་དེ་དངོས་སུ་སྒོ་ཕྱེ་བ་དང་།  བོད་ཀྱི་གསོ་བ་རིག་པ་ནི་སྲོལ་རྒྱུན་གསོ་རིག་ཁྲོད་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་ལྟ་བུ་ཞིག་ཡིན་ཞིང་། དེའི་ངོ་མཚར་ཆེ་བའི་གསོ་བཅོས་བྱ་ཐབས་ལ་རྒྱལ་ཁབ་ཕྱི་ནང་གི་ནད་པ་རྣམས་ཀྱི་དགའ་བསུ་མི་དམན་པ་ཐོབ་བཞིན་ཡོད།
            མིག་སྔར་རྒྱལ་ནང་ན་བོད་ཀྱི་གསོ་རིག་སྐོར་གྱི་ཁེ་ལས་ཧ་ཅང་དཀོན་སྟབས།  འདི་ལྟ་བུའི་གསོ་རིག་སྨན་ཁང་འཛུགས་པའི་དམིགས་ཡུལ་ཡང་བོད་ཀྱི་གསོ་རིག་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་གོང་སྤེལ་གཏོང་བའི་ཆེད་ཡིན་ཞིང་།    སྨན་ཁང་གི་དོ་དམ་པས“ང་ཚོའི་སྨན་ཁང་ནི་རྒྱལ་ནང་དུ་ཆེས་ཐོག་མར་བཙུགས་པའི་བོད་སྨན་རུས་ནད་ཆེད་ལས་སྨན་ཁང་ཡིན་ལ།   ཁྱད་དུ་འཕགས་པའི་སྨན་བཅོས་གསོ་ཐབས་ཀྱིས་ནད་པ་རྣམས་ལ་གཟིགས་སྐྱོང་ལེགས་ཤོས་གནང་ངེས་ཡིན” ཞེས་བཤད་བཞིན་ཡོད། 
            གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།  སྨན་ཁང་འདི་ནི་ཨ་མྲ་ཏ་བོད་ཀྱི་གསོ་རིག་ཚད་ཡོད་ཀུན་ཟིས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་།  རྡོ་རྗེ་དང་ཤེས་རབ་ཆོས་འཕེལ་སོགས་བོད་ཀྱི་གསོ་རིག་རུས་ནད་དང་ཁོང་ནད་ཚན་ཁག་སྐོར་གྱི་ཆེད་མཁས་གདན་དྲངས་ལ། སྨན་ཁང་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན།  གསོ་བཅོས་རྒྱུད་རིམ་ཁྲོད་ཁོ་ཚོས་གཙོ་བོ《རྒྱུད་བཞི》རྨང་གཞི་བྱས་ཐོག    རུས་ནད་དེ་སྨན་ཁང་འདིའི་ཁྱད་ཐོན་ལས་གཞི་རུ་བཟུང་ནས་སྲོལ་རྒྱུན་བོད་ཀྱི་གསོ་རིག་ལག་རྩལ་གྱིས་ཕྱོགས་ཡོང་ནས་ནད་པར་གསོ་བཅོས་བྱེད་པ་དང་།  རུས་ནད་གསོ་བཅོས་ཀྱི་རྩ་བའི་སྟེང་སྨན་ལུམས་ཁང་དང་སྐམ་ཁབ་ཁང་སོགས་བཙུགས་ཡོད་ཅིང་།  ཁྱད་འཕགས་ཆེད་སྦྱོང་ཚན་ཁག་ལས་གཞན་ད་དུང་མཆིན་པ་དང་།  མཁྲིས་བ། ཕོ་བ།  རྒྱུ་མ།  སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་ཚན་ཁག     ཕྱི་ལུགས་ཁོང་ནད་ཚན་ཁག་སོགས་ཀྱང་བཙུགས་ཡོད།  གཞན་སྨན་ཁང་གི་སྒོ་ཐོག་མར་ཕྱེས་པའི་སྐབས་སུ་ནད་པ་རྣམས་ལ་རིན་མེད་པའམ་རིན་ཕྱེད་ཙམ་བླངས་ཏེ་གསོ་བཅོས་བྱེད་ཀྱི་ཡོད་པ་རེད།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།