མོ་ནད་བཞི་བཅུ་ཐམ་པ་ནི་གང་དག་ཡིན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-28 09:46:00 ཀློག་གྲངས།:
  མོ་ནད་བཞི་བཅུ་ཐམ་པ་ནི་གང་དག་ཡིན།
  ལན། དེ་ནི་རྒྱུད་བཞི་ལས་དེ་ལ་སྔོན་ལས་ཟས་སྤྱོད་གདོན་རྐྱེན་གྱིས། །མངལ་ནད་ལྔ་དང་རྩ་ནད་བཅུ་དྲུག་དང་། །སྐྲན་ནད་དགུ་དང་སྲིན་ནད་རིགས་གཉིས། །མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས། །ཕལ་བའི་ནད་བརྒྱད་བཞི་ཐམ་པ་འགྱུར། །ཞེས་གསུངས་བ་ལྟར་མངལ་ནད་རླུང་གྱུར་དང་མཁྲིས་གྱུར། བད་ཀན་ལས་གྱུར་བ། ཁྲག་གྱུར་བ།འདུས་བ་ལས་གྱུར་བ་སྟེ་མངལ་ནད་ལྔ་དང་། སྙིང་གི་ཁྲག་ཚབས་དང་གློ་བའི་ཁྲག་ཚབས། མཆིན་པའི་ཁྲག་ཚབས།མཆེར་བའི་ཁྲག་ཚབས། མཁྲིས་པའི་ཁྲག་ཚབས།མཁལ་མའི་ཁྲག་ཚབས། རྒྱུ་མའི་ཁྲག་ཚབས།འོ་མའི་ཁྲག་ཚབས། ནུ་མའི་ཁྲག་ཚབས། ཁྲག་ཚབས་གོར་བ་སྟེ་ཁྲག་ཚབས་ཀྱི་ནད་བཅུ་དང་མགོ་བོའི་རླུང་ཚབས་དང་རུས་བའི་རླུང་ཚབས། མཁལ་མའི་རླུང་ཚབས།ཕོ་བའི་རླུང་ཚབས། རྒྱུ་མའི་རླུང་ཚབས་བཅས་རྩ་ནད་བཅུ་དྲུག་དང་། མངལ་སྐྲན་ཆུ་བུར་ཅན་གྱི་ནད་དང་ཁྲག་སྐྲན་ཧྲེན་པོའི་ནད། ཤ་སྐྲན་བེམ་པོའི་ནད། རྨེན་སྐྲན་གྱི་ནད། ཕོ་སྐྲན་རེམས་པའི་ནད། སྐྲན་རོ་ནག་པོའི་ནད། རྩ་སྐྲན་ལིང་བའི་ནད། ས་བོན་གྱི་སྐྲན་ནད། ཁྲག་སྐྲན་ཟ་ཁུའི་སྟེ་སྐྲན་ནད་དགུ་དང་མངལ་གྱི་སྲིན་བུ་ལངས་བའི་ནད་དང་མངལ་གྱི་སྲིན་བུ་ཁྲོས་བའི་ནད་དེ་སྲིན་བུའི་ནད་གཉིས་བཅས་བསྡོམ་པའི་མོ་ནད་ནད་གཙོ་བོ་སུམ་ཅུ་སོ་གཉིས་དང་དེའི་སྟེང་དུ་མཚན་མའི་རིགས་གཅིག་དང་བུ་མ་ཕྱིན་པ་དང་མགོ་མཇུག་ལོག་པ།རོག་མ་ཕྱིན་པ།སྣོད་ལུག་པ། ཁྲག་མ་ཆོད་པ།ནད་གཞུག་ལུས་པ། དུག་ཐབས་ཏེ་ཕལ་བའི་ནད་བརྒྱད་བཅས་བསྡོམས་པའི་མོ་ནད་བཞི་བཅུ་ཐམ་པ་འགྱུང་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།