བད་ཀན་གྱི་ནད་བཞི་བཅུ་རྩ་གསུམ་ནི་གང་དག་ཡིན།
རྩོམ་པ་པོ།:གཡུང་དྲུང་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-04 08:52:00
ཀློག་གྲངས།:
བད་ཀན་གྱི་ནད་བཞི་བཅུ་རྩ་གསུམ་གང་དག་ཡིན།
ལན། འདི་དག་ཡིན་ཏེ། ལྷེན་གྱི་ནད་དང་ལྕགས་དྲེག་ཀྱི་ནད། མེ་ཉམས་ཀྱི་ནད། གྲུམ་བུ་དཀར་པོའི་ནད། འཇུ་སྐེམས་ཀྱི་ནད། མགུལ་འགག་གི་ནད་སོགས་པའི་རིགས་ཀྱི་དབྱེ་བ་དྲུག་དང་བད་ནད་པགས་ལ་གྲམ་པ་དང་ཤ་ལ་རྒྱས་པ། རུས་ལ་ཞེན་པ། རྩ་ལ་ཞུགས་པ། སྙིང་ལ་བབས་པ། གློ་བ་ལ་བབས་པ། མཆིན་པ་ལ་བབསཔ། མཆེར་བ་ལ་བབས་པ། མཁལ་མ་ལ་བབས་པ། ཕོ་བ་ལ་ལྷུང་བ། རྒྱུ་མ་ལ་ལྷུང་བ། ལོང་དུ་ལྷུང་བ། མཁྲིས་པ་ལ་ལྷུང་བ། ལྒང་བ་ལྷུང་བ།མངལ་དུ་ལྷུང་བ། མགོ་ལ་ཞུགས་པ། མིག་ལ་ཞུགས་པ། རྣ་བ་ལ་ཞུགས་པ། སྣ་ལ་ཞུགས་པ་ལ་སོགས་པའི་གནས་ཀྱི་དབྱེ་བ་ཉི་ཤུ་དང་རྟེན་བྱེད་ཀྱི་ནད་དང་མྱག་བྱེད་ཀྱི་ནད། མྱོང་བྱེད་ཀྱི་ནད། ཚིམ་བྱེད་ཀྱི་ནད་བཅས་བད་རྐྱང་བ་ལྔ་དང་རྟེན་བྱེད་རླུང་དང་འདྲེས་པ་དང་རྟེན་བྱེད་མཁྲིས་བ་དང་འདྲེས་པ། མྱག་བྱེད་རླུང་དང་འདྲེས་པ། མྱག་བྱེད་དང་མཁྲིས་བ་དང་འདྲེས་པ། མྱོང་བྱེད་རླུང་དང་འདྲེས་པ། མྱོང་བྱེད་མཁྲིས་པ་དང་འདྲེས་པ། ཚིམ་བྱེད་རླུང་དང་འདྲེས་པ། ཚིམ་བྱེད་མཁྲིས་པ་དང་འདྲེས་བ་སྟེ་ལྡན་པའི་བད་ནད་བཅུ་དང་བཅས་པ་སྡོམ་པའི་བད་ནད་བྱེ་བྲག་གི་དབྱེ་བ་བཅོ་ལྔ་དང་དེ་ཡི་སྟེང་དུ་གཞན་རྒྱུད་ཅན་གྱི་བད་ཀན་སེར་བོ་དང་བད་ཀན་སྨུག་པོ་གཉིས་སྡོམས་པའི་བད་ཀན་གྱི་ནད་བཞི་ཅུ་རྩ་གསུམ་མན་རྒྱུད་དུ་གསུངས་སོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།