མཚོ་སྔོན་གྱི་སྨན་ཁང8ཀྲུང་བོད་གསོ་རིག་ནད་ཐོག་ཞིབ་འཇུག་རྟེན་གཞི་རུ་གཏན་ཁེལ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-13 08:46:00 ཀློག་གྲངས།:
  ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་མཚོ་ཤར་ས་ཁུལ་གྱི་ཀྲུང་ལུགས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་བཅས་ཀྱི་སྨན་ཁང8ནི་རེབ་གཉིས་པའི་ཞིང་ཆེན་རིམ་པའི་ཀྲུང་བོད་གསོ་རིག་ནད་ཐོག་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལས་ཁུངས་སུ་གཏན་ཁེལ་བྱས་པར་བརྒྱུད། ཀྲུང་བོད་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་སྤེལ་དང་། ཀྲུང་བོད་སྨན་ཁང་གི་འཛུགས་སྐྲུན་ཇེ་ལེགས། ལག་རྩལ་ཆུ་ཚད་དང་ཞབས་ཞུ་སྤུས་ཀ་མཐོར་འདེགས་བཅས་བྱེད་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཀྲུང་བོད་ནད་ཐོག་ཞིབ་འཇུག་རྟེན་གཞི་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མུ་མཐུད་དུ་ཀྲུང་བོད་གསོ་རིག་ནད་ཐོག་ཞིབ་འཇུག་ཆེད་ལས་ཅན་གྱི་ཆུ་ཚད་དང་ནད་ཐོག་སྨན་བཅོས་ཕན་ནུས་མཐོར་འདེགས་བྱེད་པ་ཡིན། དེའི་མཚུངས་སུ་ཀྲུང་བོད་གསོ་རིག་གི་ངོས་འཛིན་དཀའ་བའི་ནད་རིགས་དང་ནད་རིགས་ཚབས་ཆེན་སྔོན་འགོག་བྱེད་པའི་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཀྲུང་བོད་གསོ་བ་རིག་པའི་རིག་གཞུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་པར་བརྟེན་མང་ཚོགས་ལ་བདེ་འཇགས་དང་། ཕན་ནུས་ལྡན་པ། སྟབས་བདེ་བ། སྨན་རིན་འཚམ་པོ་ཡིན་པའི་ཀྲུང་བོད་སྨན་བཅོས་ཞབས་ཞུ་ཉམས་སུ་མྱོང་དུ་འཇུག་ཅིང་། ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྣམས་ཀྱི་རིག་གཞུང་བསམ་བློ་དང་ཉམས་མྱོང་སོགས་རྒྱུན་འཛིན་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།