《བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་དེང་རབས་གསོ་རིག་ཟུང་སྦྲེལ》ཞེས་པའི་འཆད་ཁྲིད་སྤེལ་བ།
ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས་ཞིང་ཆེན་བོད་སྨན་ཁང་དུ《བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་དེང་རབས་གསོ་རིག་ཟུང་སྦྲེལ》ཞེས་པའི་འཆད་ཁྲིད་ཅིག་སྤེལ་བ་རེད།
བོད་ཀྱི་གསོ་རིག་ཆེད་མཁས་པ་སངས་རྒྱས་ལགས་ཀྱི་འཆད་ཁྲིད་ལ་ནང་དོན་བདུན་དུ་འདུས་པ་སྟེ། གཅིག་ནི་བོད་ལུགས་གསོ་རིག་གི་ཟས་སྦྱོར་ལ་བརྟེན་པའི་བཅོས་ཐབས་དང་། སེམས་ཁམས་བཅོས་ཐབས། ལུས་རྩལ་སྦྱོང་བརྡར་བཅས་ཇི་ལྟར་ཟུང་སྦྲེལ་བྱེད་པ། གཉིས་ནི་བོད་ལུགས་སྨན་པས་དེང་རབས་གསོ་རིག་གི་བརྟག་དཔྱད་དང་ཞོར་འདེགས་ཞིབ་བཤེར་ལག་རྩལ་རྟོགས་དགོས་པ། གསུམ་ནས་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཇི་ལྟར་ཟུང་སྦྲེལ་བྱེད་པ། བཞི་ནས་ཚད་ལྡན་གྱི་བོད་ལུགས་གསོ་རིག་པས་ནུབ་ལུགས་རྒྱུན་སྤྱོད་སྨན་རྫས་ཀྱི་ཕན་ནུས་གཙོ་བོ་དང་ཤུགས་རྐྱེན་ངན་པ་སོགས་རྒྱུན་ཤེས་དག་ངེས་དགོས་པ། ལྔ་ནས་ཚུལ་མཐུན་གྱིས་དེང་རབས་གསོ་རིག་སྤྱོད་པ་དང་མཉམ་དུ་བོད་ལུགས་གསོ་རིག་གི་རང་བཞིན་དང་ངོ་བོ་རྒྱུན་འཛིན་བྱེད་དགོས་པ། དྲུག་ནས་བོད་ལུགས་སྨན་པ་ཞིག་ཡིན་ཕྱིན་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་དཔྱད་ཐབས་རྒྱུན་འཛིན་བྱེད་དགོས་པའི་ཁར། བོད་ཀྱི་གསོ་རིག་བསྟན་བཅོས་དག་འཚོལ་ཞིབ་དང་ལེགས་སྒྲིག་བྱེད་དགོས་པ། བདུན་ནས་མཉམ་འབྲེལ་བྱས་པའི་སྨན་ཁང་ཕན་ཚུན་བར་བཅོས་སྐྱོང་ཉམས་མྱོང་བརྗེ་རེས་བྱས་ཏེ་བོད་ལུགས་གསོ་རིག་གི་བཅོས་སྐྱོང་དང་དེང་རབས་ཀྱི་བཅོས་སྐྱོང་ཟུང་སྦྲེལ་བྱེད་དགོས་པ་བཅས་སོ།།
ཐེངས་འདིའི་འཆད་ཁྲིད་བརྒྱུད་ནས་བོད་ལུགས་སྨན་པ་རྣམས་ཀྱི་གསོ་རིག་གཞུང་ལུགས་དང་ལན་ལེན་བྱང་ཚད། དེ་མིན་དེང་རབས་ཀྱི་བརྟག་དཔྱད་དང་ཞིབ་བཤེར་ལག་རྩལ་སོགས་ཕྱོགས་སོ་སོའི་ཤེས་བྱ་ལ་སློབ་སྦྱོང་དང་ངོས་འཛིན་ལེགས་པོ་བྱས་ཤིང་། ནག་རིགས་བརྟག་དཔྱད་ཀྱི་ཡང་དག་ཚད་མཐོར་འདེགས་བྱས་པས་རྒྱ་ཆེ་བའི་ནད་པ་རྣམས་ལ་ཞབས་ཞུ་ལེགས་པོ་སྒྲུབ་པར་དགེ་མཚན་དོད་པོ་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com