རང་རྒྱལ་གྱིས་བོད་སྨན་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-28 11:43:00 ཀློག་གྲངས།:
  ཟླ9བའི་ཚེས27ཉིན། 2011ལོའི་རྒྱལ་ཡོངས་ཀྱི་ཟས་རིགས་དང་སྨན་རིགས་ལྟ་སྐུལ་དོ་དམ་མ་ལག་གིས་བོད་ལྗོངས་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་སྤེལ་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་རྒྱལ་ཁབ་ཀྱི་ཟས་རིགས་སྨན་རིགས་དོ་དམ་ལྟ་སྐུལ་དོ་དམ་ཅུས་བོད་སྨན་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་སྐུལ་སྤེལ་བྱེད་པ་དང་། བོད་སྨན་སྨན་རྫས་དང་འདུལ་སྦྱོང་བྱས་ཟིན་པའི་སྨན་ཐོའི་སྨན་རྫས་ལས་སྣོན་གྱི་ཚད་གཞིའི་བཟོ་འགོད་དང་བཅོས་འགོད་བྱེད་ཚུལ་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
  བོད་རང་སྐྱོང་ལྗོངས་ཟས་རིགས་དང་སྨན་རིགས་ལྟ་སྐུལ་དོ་དམ་ཅུའི་ཅུའུ་ཀྲང་པདྨ་བཟང་པོས་མཚམས་སྦྱོར་བྱས་པ་ལྟར་ན་བོད་སྨན་སྤུས་ཚད་ཚད་གཞིའི་མཐུན་སྦྱོར་བྱ་བའི་ཨུ་ཡོན་ལྷན་ཚོགས་བཙུགས་ཟིན་པ་མ་ཟད། མིག་སྔར་དུ་བོད་རང་སྐྱོང་ལྗོངས་ཀྱི་སྨན་རིགས153ལ་རྒྱལ་ཁབ་ཀྱི་སྨན་རིགས་ཆོག་མཆན་གྱི་ཡིག་རྟགས305ཐོབ་པ་དང་། བོད་སྨན་ཚད་གཞི100ལ་འཆར་ཟིན་བཀོད་ཚར་པ་རེད།
  རྒྱལ་ཁབ་ཀྱི་ཟས་རིགས་དང་སྨན་རིགས་ལྟ་སྐུལ་དོ་དམ་ཅུའི་ཅུའུ་ཀྲང་ཧྲའོ་མིན་ལིས་བཤད་རྒྱུར། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་བོད་སྨན་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་བསྣན་ཏེ་བོད་སྨན་ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་རྨང་གཞིའི་ཞིབ་འཇུག་གི་ལས་གཞིའི་གསར་སྐྲུན་དང་མ་དངུལ་ཐད་ལ་དམིགས་བསལ་དུ་རྒྱབ་སྐྱོར་བྱེད་པ་དང་། བོད་སྨན་སྨན་རྫས་དང་འདུལ་སྦྱོང་བྱས་ཟིན་པའི་སྨན་ཐོའི་སྨན་རྫས་ལས་སྣོན་གྱི་ཚད་གཞིའི་བཟོ་འགོད་དང་བཅོས་འགོད་བྱེད་ཚུལ་ཇེ་མགྱོགས་སུ་གཏོང་དགོས་ཟེར། དེའི་མཚུངས་སུ་བོད་རང་སྐྱོང་ལྗོངས་བོད་སྨན་ཞིབ་དཔྱད་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། བོད་སྨན་ཞིབ་དཔྱད་དང་། ཚད་གཞིའི་བཟོ་འགོད། ལྟ་ཞིབ་ཚད་ལེན། ཞིབ་བཤེར་བྱེད་པ་བཅས་སུ་བྱང་ཚད་ལེགས་པོ་ཡོད་པའི་མི་སྣ་འཇོན་ཐང་ཅན་གྱི་དཔུང་སྡེ་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་པ། བོད་སྨན་སྲུང་སྐྱོབ་དང་འདོན་སྤེལ་བྱེད་པའི་བྱ་བའི་ཁྲོད་ཞུགས་ནས་བོད་སྨན་གྱི་འཕེལ་རྒྱས་ལ་ཆེད་ལས་ཀྱི་ཁྲིད་སྟོན་དང་ལག་རྩལ་གྱི་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཟེར།
  རྒྱུས་ལོན་བྱུང་བ་ལྟར་ན་བོད་སྨན་གྱི་གསོ་རིག་གཞུང་ལུགས་མ་ལག་ལ་ཀྲུང་སྨན་དང་ཕྱི་ལུགས་གསོ་རིག་གཉིས་དང་མི་འདྲ་བར་ཐ་དད་པའི་ཁྱད་ཆོས་གཟེངས་སུ་ཐོན་པ་སྟེ། དཔེར་ན་བོད་སྨན་གྱིས་སྨན་སྣ་མང་སྦྱོར་བྱེད་པ་རྩ་བའི་འཇལ་ཚད་བྱས་ནས་སྨན་རྫས་སྡེབ་སྦྱོར་སྤུས་ཚད་ཀྱིས་སྨན་གྱི་ཕན་ནུས་དང་བདེ་འཇགས་རང་བཞིན་ལ་ཕན་པ་ཆེན་པོ་ཐོབ་ཀྱིན་ཡོད་པ་མ་ཟད། བོད་སྨན་གྱི་ཁྲོད་དུ་གཏེར་རྫས་དང་སྲོག་ཆགས་རིགས་ཀྱི་སྨན་རྫས་མང་པོ་སྲེ་ནས་སྡེབ་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།