རྩ་གནད་བརྒྱ་དང་བཅུ་དགུ་འབྲེལ་ཚུལ།

རྩོམ་པ་པོ།:ས་འཛིན་དཀར་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-21 16:18:00 ཀློག་གྲངས།:

རྩ་གནད་བརྒྱ་དང་བཅུ་དགུ་འབྲེལ་ཚུལ།

        སྲོག་གིས་རྩ་བར་གྱུར་པའི་རྩ་རིགས་གཉིས།   སྲོག་རྩ་ལས་བྱུང་རྩ་ནག་གྱེན་དུ་གྱེས།  ཀླད་པ་ལས་བྱུང་རྩ་དཀར་ཐུར་དུ་ཟུག  ནང་རྩ་དོན་འབྲེལ་ཕྱི་རྩ་ཡན་ལག་འབྲེལ།   མགོ་ལ་ཀླད་པ་རུས་པ་ཤ་རྩ་གསུམ།  །ཀླད་པའི་དར་རྩ་རྣ་བའི་ཕྱི་ནང་ན།  རྩ་ནག་གཉིས་ལོག་གཉིས་ལ་གྱེས་པ་ཡི།  དར་སྟེང་ཁྱབ་པར་འབྲེལ་བའི་རེ་ཐག་བཞི།   ཕྱི་ནང་རྒྱུག་གཉིས་ལྷག་རུས་འབུར་པོ་ནས།  མཁུར་ཚོད་བྱུང་སྟེང་སླར་ལོག་ཀླད་པ་བླངས།  འདུས་སོ་གསུམ་འབྲེལ་སྲུབས་ལ་ཕྱི་ནང་བརྩེམས།  དེ་དྲུག་འཚོ་བྱེད་དར་རྩ་ཞེས་སུ་གྲགས།  ཕྱི་རྩ་སྟག་པའི་ཆུང་ལེབ་གཡས་གཡོན་ན།   ཆུ་རྩ་སྦུ་གུ་ཅན་གཉིས་དེ་ནས་ཕྱིར།  ཚོན་རེ་སྤུ་འཁྱིལ་ས་ནས་འཇའ་བྱེད་གཉིས།  རྣ་ཤལ་འོག་གཤོངས་རཏྣ་གཉིས་རེ་དྲུག   

རྩ་གནད་བརྒྱ་དང་བཅུ་དགུ་འབྲེལ་ཚུལ་རྒྱས་པར་འགྲེལ་ན།

        སྦུ་གུ་དེ་ལྟག་པའི་སྡུད་སྒོར་མཐེན།  ཨན་སྟོང་གཡས་གཡོན་ཚན་རེ་ཐད་ཀར་འགྲིམས།  ཚིགས་པ་ལྔ་ནས་གཞུང་པའི་རྩ་དང་འབྲེལ།  བཅུ་བཞི་པ་ནས་བསམ་སེའུ་མཁལ་མར་འབྲེལ།  གཞུང་ཆུང་སྤྱི་ལེབ་མཚོམས་རྒྱུད་དཔྱི་མིག་དོན།   བྱིན་བརླུའི་ཕྱི་སུལ་ཕྱི་ལོང་སྲུང་མཐེབ་བརྒྱུད།  གཉིས་ནི་བཅུ་བཞི་ནས་གྱེས་དཔྱི་སྟེང་དོན།  བརླ་རྐང་པུར་ཚིགས་ངར་གདོང་ཐུར་ཕར་འགྲིམས།  པེར་མགོ་མགྲིམས་རྩ་ནས་གོང་དང་རྐང་མཐིལ་འདུས་འཇལ་བྱེད་ལྟག་ཟུར་སྤུ་འཁྱིལ་གཉིས་སུ་དོན།  ཨན་སྟོང་འགྲམ་ནས་ཕྲག་བརྒྱུད་དཔུང་སོགས་མཚམས།  དཔུང་འཛུམ་ཚིག་མིག་ལུག་གཞུག་ཕྱི་མཚན་འགྲམས།  གྲུ་མོའི་ཚིགས་བསྐོར་ལག་པའི་འཐེབ་མོར་འབྲེལ།  རཏྣ་རྩེ་མགོ་རྣཤལ་འོག་ཏུ་འཐོན།  སྒྲོག་རུས་ནང་ནུབ་གྲུ་མོ་གཞུང་མཚོན་བར།  ཐུར་བར་འགྲིམས་ནས་ལག་པའི་སྲིན་མཐེབ་འབྲེལ།  རྩ་རྒྱུད་དེ་དྲུག་མགོ་བོའི་ལྔ་བཤད་སྟེང་།  ཟ་འགྲམ་སྟེང་ནས་སོ་རྩ་ལྡད་བྱེད་གཉིས།  རྐན་གྱི་དཀྱིལ་ནས་འདམ་རྩ་སུམ་མདོ་རེ་དང་།    དེ་དགུ་གཞན་འགྲེལ་ཆུ་རྩ་ཞེས་བྱ་སྟེ། བཅོ་ལྔ་པོ་དེ་གླུད་པའི་རྩ་ཡིན་ནོ།  །

        མདུང་ཚིགས་གཟེར་རྩ་གཙུག་དང་མཚོགས་མའི་སྒོ།  ལྟག་པའི་སྡུད་སྒོ་གཡས་གཡོན་གཉིས་སྟེ་གསུམ།  སྨིན་དཀྱིལ་མཁུར་ཚོད་གཉིས་གཉིས་གཟེར་རྩ་དགུ་འཁྲིད་ཉལ།  རྣ་ལྟག་སྟེང་ནས་སོ་བཞི་ན།  བོན་པོའི་ཐོང་ཅེས་བྱ་བའི་ལྷ་རྩ་གཉིས།   དེ་ལྟར་བཅུ་གཅིག་རུས་པའི་རྩ་རྒྱུད་འདོད།   ཤ་རྩ་ལྟག་གཟུར་ལྟག་རྩ་ནག་པོ་གཉིས།  རྣ་བའི་ཕྱི་ནང་ཚོན་རེར་ལྗོན་ཤིང་བཞི།  མུར་གོང་ཟུར་ན་ལྟག་རལ་འཁྱུག་རྩ་གཉིས།  དཔྲལ་བའི་དཀྱིལ་ན་གསེར་མདུང་དངུལ་མདུང་གཉིས།  མཚུལ་པའི་འགྲམ་ན་མཚུལ་རྩ་ནག་པོ་གཉིས།  སྨིན་མཇུག་གཤོངས་ན་མཐོང་བྱེད་མིག་རྩ་གཉིས།  མུར་འགྲམ་སྟེང་ན་སོ་རྩ་འཕར་བ་གཉིས།  དེ་ལྟར་ངེས་པའི་ཤ་རྩ་བཅུ་དྲུག་གོ།

        ཚངས་པའི་སྐུད་པ་ཤ་རུས་ཀླད་པ་ཡི།  རྩ་གསུམ་འདུས་ཏེ་སྤྱི་བོའི་གཙུག་ན་གནས།  འགྲིལ་བས་བཞི་ཅུ་རྩ་གསུ་མགོའི་རྩ།  ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ།  རྗེ་ཞབས་ལས་བྱུང་སྐེ་ཡི་ནང་ན་མར།  རླུང་གི་རྩ་བཞི་སྙིང་དང་རྒྱུ་མ་འབྲེལ།  མཁྲིས་པའི་རྩ་བཞི་གློ་ལོང་མཆིན་མཁྲིས་འབྲེལ།  བད་ཀན་རྩ་བཞི་ཕོ་མཆེར་མཁལ་ལྒང་འབྲེལ།  འདུས་པའི་རྩ་གཅིག་བསམ་སེའུ་འབྲེལ་བ་ཡིན།  ཕྱི་རྩ་ཨོལ་གོང་མིད་པའི་བར་ན་ཡར།  གློ་བུ་སྙིང་རྩ་གསེར་གྱི་སྐུད་པ་གཅིག  ཨོལ་གོང་པ་ཡི་གཡས་གཡོན་ཚོན་རེ་ན།  སྙིང་རྩ་གཉིད་ལོག་རྩ་འདྲ་གཉིས་གཉིས་བཞི།   དེ་ནས་ཕྱི་ལ་ཕུན་རེ་བཅལ་བའི་སར།  སྙིང་རྩ་རྩེ་ནག་ཅེས་བྱ་རྣམ་པ་གཉིས།  དེ་ནས་སླར་ཡང་ཕྱི་ལ་ཕུན་རེའི་སར།   གློ་སྙིང་བསྡོངས་པའི་ཁྲག་རྩ་རྩེ་ཆུང་གཉིས།  དེ་ལྟར་སྐེ་ལ་རྩ་གནད་ཉེར་གཉིས་ཡོད།  སྒལ་བའི་ནང་གཞུང་སྲོག་རྩ་ནག་པོ་སྟེ།  དེ་ལས་ཡལ་གའི་རྩ་འཕྲན་ཀུན་ཏུ་གྱེས།  ཚིགས་པ་གསུམ་ནས་རྩ་གསུམ་མདུན་དུ་བྱུང་།  དབུས་ཀྱི་རྩ་ལ་སྙིང་ནས་འབྲས་བུའ་ཚུལ།  གཡས་གཡོན་རྩ་ནི་གློ་བུར་གཉིས་ལ་ཟུག  མཆིན་པའི་ལུང་ཆེར་མཚན་དྲི་ནག་པོ་འབྲེལ།  བཅུ་གཉིས་པ་ནས་རྩ་གཅིག་མཆེར་པར་དང་།  བཅུ་གསུམ་པ་ནས་རྩ་གཅིག་བསམ་སེའུ་འབྲེལ།  བཅུ་བཞི་པ་ནས་རྩ་གཉིས་གཡས་གཡོན་གྱི།  མཁལ་མར་འབྲེལ་ཏེ་སྦས་པའི་རྩ་ཆེན་བརྒྱད།  ཕྱི་རྩ་བྱང་ཁོག་སྟོད་ལ་སྙིང་རྩ་དྲུག  བྲང་རུས་གཡས་གཡོན་ནུ་མདུན་ཚོན་དོའི་སར།  སྙིང་རྩ་ཕྲ་ཁབ་ཐོང་གར་ཁབ་འདྲ་གཉིས།  སྒྲོགས་རུས་དཀྱིལ་ནས་ཐུར་དུ་ཚོན་གང་ན།  སྙིང་རྩ་དངུལ་གྱི་འབུ་རུས་གཟེར་འདྲ་གཉིས།  ནུ་མཐའ་ཚོན་རེར་ནུ་རྩ་ཨ་ལོང་འདྲར།  བསྐོར་བ་གཉིས་རེ་སྙིང་གི་རྩ་གནད་དྲུག  གློ་མ་རྩིབས་ལས་བྱུང་བའི་ཚིགས་འགྲམ་གཉིས།  ཚིགས་པའི་གཡས་གཡོན་ཚོན་རེ་ཕུན་རེ་ན།  ཀུན་ཏུ་རྒྱུ་སྟེ་བཞི་བའི་ཐད་ཀར་གཉིས།  དེ་ལ་བཞིར་གྱེས་གཉིས་ནི་བྲང་དུ་འགྲིམས།  གཉིས་ནི་ལྟག་ཆུའི་འདབས་ནས་མགོ་ལ་འགྲོ།  རྩ་དེ་མཆིན་དྲི་ཡན་ཆད་གློ་ལ་དབང་།  མན་ཆད་མཁལ་མའི་རྩ་ནག་ཅེས་སུ་གྲགས།  དེ་ནས་བཞིར་གྱེས་གཉིས་ནི་དཔྱི་སྟེ་དོན།  བརླ་སྒང་སྣེ་ས་བརྒྱུད་ནས་ལྒང་པ་འབྲེལ།  རྩ་གཉིས་མཇུག་ཐུང་བརླ་ཡི་ཕྱི་བུལ་རྒྱུ།  གློ་མ་ལྒང་ལས་བྱུང་བའི་ན་རྒྱུགས་གཉིས།  ཚིགས་པ་དྲུག་པའི་སོར་ལྔ་ས་ན་གནས།  གློ་མ་ལྟག་མགོ་ལས་བྱུང་གྲོགས་རྐེད་གཉིས།  ཚིགས་པ་བརྒྱད་པའི་སོར་བདུན་ས་ན་གནས།  གློ་མ་ཟགས་ན་ལས་བྱུང་སྐེ་དོར་གཉིས།  ཚིགས་པ་བཅུ་པའི་ཆག་གང་ས་ན་གནས།  གློ་མ་གཤམ་ལས་བྱུང་བའི་འགྲེང་བུ་གཉིས།  ནུ་མའི་ཐད་དྲང་སྒྲོགས་རུས་འོག་ཏུ་འགྲོ།  གློ་བུ་ཐུགས་ཁབ་ལས་བྱུང་ཕྱིར་རྒྱུག་གཉིས།  ནུ་མདུན་ཚོན་རེར་ས་ན་སྒྲོགས་ཆར་འགྲོ།  གློ་བུ་མཛོ་སྣ་ལས་བྱུང་བསྣོལ་མ་གཉིས།  གློ་བུ་བྱ་སྒབ་ལས་བྱུང་གཟེར་མགོ་གཉིས།  མཆན་འོག་ཕྱི་ནང་གྱེན་ཐུར་ཆག་གང་སར།  གློ་བུ་དགྲ་ལྕེ་ལས་བྱུང་ཟངས་མ་གཉིས།  མཆན་ཁུང་འོག་ནས་རྩིབ་རིང་སྟེང་དུ་འགྲོ།  གློ་བུ་རྟེ་མིག་ལས་བྱུང་སྔོན་བུ་གཉིས།  སོག་པ་མེ་ལོང་དཀྱིལ་གྱི་འོག་ན་གནས།  མ་སུ་སྒྲོགས་པ་ལུང་འཛིན་ཁུག་པ་གཉིས།  དཔུང་ཚིགས་ཆག་གང་ཨུ་སྐུར་ཁ་ལ་བཀལ།   དེ་ལྟར་ཉི་ཤུ་རྩ་གཉིས་གློ་བའི་རྩ།  མཆིན་རྩ་ཤ་ཏུ་མོན་རུ་རྣམས་པ་གཉིས།  རྟེན་སྣང་ལས་བྱུང་ནུ་མདུན་ཚོན་དེའི་སར།  ཡར་ལ་ཆག་ས་ནས་གཉིས་སུ་གྱེས།  རྩ་གཉིས་དཔུང་པ་རྩ་གཉིས་རྣ་རྒྱབ་ཏུ།  སོག་གཞུག་རྟ་ཤུར་མཆེར་རྩ་བྱ་རྐང་གཉིས།  ལྷེན་སྣའི་གཡས་གཡོན་ཚོན་རེར་སྦྲུལ་མིག་གཉིས།  ཕོ་དབུས་གཡས་གཡོན་སོར་གསུམ་ཀང་བ་གཉིས།  ལྟེང་བའི་གྱེན་ཚོན་གང་ན་བོང་རྨེད་གཉིས།  དེ་དག་ཕོ་བའི་རྩ་གནད་རྣམས་པ་ལྔ།  ལྟེ་ཟུར་གཡས་གཡོན་ཚོན་རེར་ལོང་རྩ་གཉིས།  རྒྱུ་རྩ་དེའི་མཇུག་སྣེ་ཁུད་གཉིས་སུ་འགྲིམས།  བསམ་སེའུའི་རྩ་ནི་དཔྱི་ནས་སྣེ་སར།  ལྒང་པའི་ཆུ་རྩ་སྲོག་རྩ་སྲིད་རྩ་གསུམ།  མཚན་དབྲག་བར་གྱི་དབུས་དང་གཡས་གཡོན་གནས།  དེ་ལྔ་བཅུ་ལྔ་གསུམ་བྱང་ཁོག་ལའོ།  །དཔུང་པའི་ལུགས་གཞུག་ཕྱི་མཚན་ཆུ་རྩ་གཉིས།  ཨ་སྲུང་མོའི་ཚིགས་བར་རླུང་རྩ་རཏྣ་གཉིས།   པུས་མོའི་གཉིས་གོང་རུས་རྩ་སྒྱིད་བུ་གཉིས།  སྲེ་ལོང་ཕྱི་ལོང་བར་ན་རྒྱུང་རྩ་གཉིས།  རྐང་མཐིལ་སྤུ་སྐྱེ་རྒྱུས་རྩ་པིར་མགོ་གཉིས།  སྐྱོགས་རེའི་ཚིགས་མཚམས་གསེར་གྱི་ཀ་བ་གཉིས།  སྣག་ཆེ་གཉེར་རི་མཁྲིས་རྩ་སྐྱ་རིང་གཉིས།  དཔུང་སོགས་བར་གྱི་མཁྲིས་རྩ་ཀ་བ་གཉིས།  དཔུང་ནང་ཆག་གང་གློ་རྩ་དུང་འབུང་གཉིས།  ཨ་སོའི་མཚམས་ན་གཏར་སྣོད་ཀ་གཉིས།  གྲུ་མོའི་འོག་ན་རུ་ཐུང་རྣམ་པ་གཉིས།  བརླ་ནང་ངོ་།   །རྩ་བོ་ཆེན་གཉིས་དང་།  མཆིན་རྩ་སྨད་གཉིས་ཞེས།  བྱིན་གྱིན་གཞུག་གཉིས།  དཔྱི་ཡི་ཁ་གཟར་མཁལ་རྩ་ན་གུ་གཉིས།  བརླ་སྒང་སྟེང་གི་མཁལ་རྩ་རུས་ཞེན་གཉིས།  བརླ་ཡི་ཕྱི་སུལ་མཁལ་རྩ་རྐང་འདེགས་གཉིས།  བརླ་ཡི་ཕྱི་ཟུར་མཆེར་པའི་རྩ་ནག་གཉིས།  རྒྱབ་ཚིགས་སྟེང་ན་གཏར་རྩ་ཡོབ་གོང་གཉིས།  ལུག་གཞུག་འོག་གི་དཔུང་རྩ་རྣམ་པ་གཉིས།  གྲུ་མོའི་སྒང་ན་སྒང་རྩ་ཞེས་བྱ་གཉིས།  དེ་ཡི་ནང་ཁུད་དྲུག་འོག་རྣམ་པ་གཉིས།  འཁྱེད་གང་གྲུ་མོའི་གཉེར་མ་ནས་མཛུབ་གང་བཅལ་བར།  གློ་སྙིང་འདམ་རྩ་ཞེས་བྱ་གཉིས།  རུ་ཐུང་རྩེ་ནས་མཆིན་མཁྲིས་འདམ་རྩ་གཉིས།  རྐང་པའི་མཐིལ་ན་བཞག་འདྲ་མཐིལ་འཕྲོག་གཉིས།  བོལ་གོང་སྟེང་ན་འགུལ་རྩ་ནག་པོ་གཉིས།  ནང་ལོང་ནང་ཁུད་ལྕགས་ཀྱི་སྲག་མ་གཉིས།  ངར་གདོང་མཐུར་བར་གསེར་རྩ་ཀ་གདུང་གཉིས།  སྒབ་ཁུང་ནང་ན་སྒབ་རྩ་ནག་པོ་གཉིས།  སྣེ་ས་ཁུད་ན་སྙིང་རྩ་མིག་དམར་གཉིས།  ལག་མཐིལ་སྲིན་ལག་དབུས་ན་མྱུར་བ་གཉིས།  མཛུབ་མོ་ཆུང་གི་འོག་ན་འགུལ་རྩ་གཉིས།  མཁྲིག་མའི་ཡར་ཟུར་གཉིས་ན་བལྟ་རྩ་གཉིས།  མར་ཟུར་ཆུ་བའི་གསེར་ན་བླ་རྩ་གཉིས།  གྲུ་མོའི་ནང་ཁུད་ཨ་སོ་ལི་ཁ་གཉིས།  མཆན་ཁུད་ནང་སྙིང་རྩ་རྔུལ་འདུ་གཉིས།  ཡན་ལག་རྩ་གནད་བདུན་ཅུ་རྩ་གཉིས།  འབྲིལ་བ་གནད་བརྒྱད་དང་དགུ་བཅུར་འགྱུར་ཞེས་གསུངས་པར་ལྟར་རོ།།  །།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།