མཚོ་སྔོན་གྱི་ལག་རྩལ་གསར་སྐྲུན་གྱིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་རིག་ལ་གསོན་ཤུགས་བསྣན་པ

རྩོམ་པ་པོ།:མེ་ཏོག་གིས་བསྒྲིགས། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།   དུས་ཚོད།:2011-05-15 10:34:00 ཀློག་གྲངས།:


མཚོ་སྔོན་ཨ་རུ་བོད་སྨན་ཚོགས་པའི་ལས་བཟོ་བ་ཞིག་གིས་བཟོ་ཁང་ནས་སྒྲིག་ཆས་བཀོལ་བཞིན་པ།

            མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་ཐོན་ཁུངས་ཕུན་སུམ་ཚོགས་ལ། ཀྲུང་གོའི་སྲོལ་རྒྱུན་གསོ་རིག་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན། བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ལ་མིག་སྔར་བོད་སྨན་ཐོན་སྐྱེད་ཁེ་ལས20ལྷག་ཡོད།


མཚོ་སྔོན་ཨ་རུ་བོད་སྨན་ཚོགས་པའི་ལས་བཟོ་བས་སྨན་རྫས་སྨན་ཐུམ་ནང་འཇུག་བཞིན་པ།


མཚོ་སྔོན་ཨ་རུ་བོད་སྨན་ཚོགས་པའི་ལས་བཟོ་བས་ཚོད་ལྟ་ཁང་ནས་སྨན་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།

            དུས་རབས་སྔོན་མའི་ལོ་རབས90བར། མཚོ་སྔོན་ཞིང་ཆེན་ལ་བོད་ཀྱི་གསོ་རིག་སྣེ་ཁྲིད་ཁེ་ལས་ཏེ་ཨ་རུ་བོད་སྨན་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ལས་སྣོན་ལྟེ་གནས་ཀྱི་རྨང་གཞིའི་སྟེང་། མ་དངུལ་བཏང་ནས་མཚོ་སྔོན་ཞིང་ཆེན་མཚོ་སྨན་ལས་བཟོ་བཟོ་གྲྭ་བཙུགས་ཤིང་། “ཨ་རུ”རྟགས་ཅན་གྱི་ཚོང་རྟགས་གསར་སྐྲུན་བྱས་ནས་བོད་སྨན་ཐོན་རྫས་ཀྱི་ཚོང་ར་ཅན་གྱི་ལམ་བུ་གསར་གཏོད་བྱས། དུས་མཚུངས་སུ། ཁོ་ཚོས་སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་བཟོ་རྩལ་དང་དེང་རབས་ཅན་གྱི་སྨན་རྫས་ལས་སྣོན་ལག་རྩལ་ཟུང་འབྲེལ་གྱི་ཐབས་ལམ་ཐོག་མར་སྲོལ་བཏོད། 2004ལོར། ཨ་རུ་ཚོགས་པས་དེང་རབས་ཅན་གྱི་བོད་སྨན་བཟོ་གྲྭ་བཙུགས་ནས། ཁེ་ལས་ཐོན་སྐྱེད་ཁོ་རིམ་ཁྲོད་ཕྱོགས་ཡོངས་ནས་རང་འགུལ་ཅན་གྱི་ཚོད་འཛིན་མ་ལག་དོ་དམ་བྱེད་ཐབས་ནང་འདྲེན་བྱས་ཏེ་ཁེ་ལས་ལ་གཞི་ཁྱོན་ཅན་གྱི་བོད་སྨན་ཐོན་རྫས་ལས་སྣོན་གྱི་ལག་རྩལ་ནུས་པ་བསྐྲུན་ཞིང་། དུས་མཚུངས་སུ་ནུས་པ་ཆ་ཚང་ཞིང་སྒྲིག་ཆས་སྔོན་ཐོན་ཡིན་པའི་སྨན་རྫས་བརྟག་བཤེར་ཚད་ལེན་སྒྲིག་ཆས་ཆ་སྡེབ་བྱས།


མཚོ་སྔོན་ཨ་རུ་བོད་སྨན་ཚོགས་པའི་སྨན་སྡེབ་སྦྱོར་བས་སྨན་སྡེབ་བཞིན་པ།


མཚོ་སྔོན་ཨ་རུ་བོད་སྨན་ཚོགས་པའི་ཞིབ་བཤེར་ཚད་ལེན་མི་སྣས་ཚོད་ལྟ་ཁང་དུ་
གློག་རྡུལ་རྒྱ་མ་བཀོལ་ཏེ་སྨན་སྣའི་ཚད་འཇལ་བཞིན་པ།

            ད་ལྟ། མཚོ་སྔོན་ཞིང་ཆེན་གྱི“ཨ་རུ”དང“སན་ཕུའུ”དང“འཇིགས་མེད”སོགས་དེང་རབས་བོད་སྨན་ཐོན་སྐྱེད་ཁེ་ལས་སྐོར་ཞིག་ལ་རྒྱལ་ཁབ་ཕྱི་ནང་ཏུ་མཚན་སྙན་ཧ་ཅང་ཆེ་ལ། བོད་སྨན་ཐོན་རྫས་ཀྱི་ཐོན་སྐྱེད་དེ་ལོ50སྔོན་གྱི་ལག་བཟོ་བྱེད་ཐབས་ནས་དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་ཐབས་བར་འཕེལ་རྒྱས་སུ་ཕྱིན་ཡོད།

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།