རྒྱུད་བཞིའི་འབྱུང་ཁུངས་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:བསྟན་པ་དར་རྒྱས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2010-11-09 11:26:00 ཀློག་གྲངས།:

        དང་པོ།རྒྱུད་བཞི་ནི་བོད་ཀྱི་གསོ་རིག་གི་གནའ་དཔེ་ཞིག་ཡིན་ལ་དེའི་ནང་དུ་བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་ངོས་འཛིན་རིག་པ།།སྨན་སྦྱོར་རིག་པ།བཅོས་ཐབས་རིག་པ།ནད་ཐོག་རིག་པ།ནད་འགོག་ལུས་བསྲུང་རིག་པ་བཅས་ཀྱི་མ་ལག་ཆ་ཚང་བ་ཞིག་ཡོད།དེ་ནི་གསོ་རིག་སྦྱངས་མཁན་རྣམས་ཀྱིས་ངེས་པར་དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པ་ཞིག་ཀྱང་རེད།འདིར་རྒྱུད་བཞིའི་ནང་དོན་དང་བོད་ལུགས་གསོ་རིག་གི་ཁུངས་བཙུན་ལོ་རྒྱུས་མང་པོ་གཞིར་བཟུང་ནས་རྒྱུད་བཞིའི་འབྱུང་ཁུངས་ལ་རགས་ཙམ་གླེང་པ།
        གཉིས་པ།བོད་ཀྱི་གསོ་བ་རིགས་པ་ནི་ལོ་རྒྱུས་རིང་ལ་ཚན་རིག་རང་བཞིན་ལྡན་པའི་རིག་གཞུང་ཞིག་ཡིན།དེར་ནང་དོན་ཟབ་ལ་མ་ལག་ཆ་ཚང་བའི་གཞུང་ལུགས་ཡིན་པ་མ་ཟད།ད་བར་དུ་ལོ་༢༣༠༠ལྷག་གི་ལོ་རྒྱུས་ལྡན།བོད་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་རང་བྱུང་ཁམས་ཆེན་པོ་དང་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱས་པའི་ཉམས་མྱོང་ཕྱོགས་བསྡོམ་མཛད་ལ།ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ནས་བོད་རང་གི་ཁོར་ཡུག་དང་མཐུན་པར།ཡང་དང་ཡང་དུ་ཞིབ་འཇུག་དང་ལག་ལེན་བརྒྱུད་པའི་ཁྲོད་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་མ་ལག་ཆ་ཚང་བའི་གསོ་བཅོས་ཀྱི་རིག་པ་བྱུང།
        གསུམ་པ།རྒྱུད་བཞིའི་རྒྱས་མིང་ལ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཟེར།དེར་ཚན་པ་བཞི་དབྱེ་ཡོད།བསྡོམ་པའི་ལེའུ་༡༥༦ཡོད།ཚན་པ་དང་པོ་རྩ་རྒྱུད་ལ་ལེའུ་དྲུག་དང་།ཚན་པ་གཉིས་པ་བཤད་རྒྱུད་ལ་ལེའུ་སོ་གཅིགཚན་པ་གསུམ་པ་མན་ངག་རྒྱུད་ལ་ལེའུ་གོ་གཉིས།ཚན་པ་བཞི་པ་ཕྱི་མ་རྒྱུད་ཡོངས་གཏད་དང་བཅས་པར་ལེའུ་ཉེར་བདུན།རྒྱུད་བཞིའི་ནང་དོན་གྱི་ཕྱོགས་ནས་བལྟས་ན་གསོ་རིག་གི་རིག་གཞུང་དང་ལག་ལེན་གཉིས་ནས་ད་བར་གྱི་དུས་སྐབས་རེ་རེ་ཡི་གསོ་བཅོས་ཀྱི་ནང་དོན་འདུས་ཡོད།དེ་ལས་ལོ་རྒྱུས་ལྡན་པའི་ཁྲིད་རྒྱུད་ཡོད།
        བཞི་པ།ལོ་རྒྱུས་ཡིག་ཆ་ལས།བོད་རྒྱལ་གཉའ་ཁྲི་བཙན་པའི་པོའི་དུས་སྐབས་གསོ་རིག་གི་རིག་གཞུང་དང་ལག་ལེན་སྤྱིར་བཏང་བ་ཞིག་ཡོད།གཉའ་ཁྲི་བཙན་པོ་རྒྱལ་སར་འཁོད་སྐབས་ཕྱོགས་ཀྱི་མཁས་པས་དོན་དོགས་པ་དྲུག་གི་ལན།རྩིབས་ལྷ་སྐར་མ་ཡོལ་སྡེས་བོད་འདིར་རྐུ་ལ་ལན་ཡོད།སྡང་ལ་བྱམས་ཡོད།དགྲ་ལ་གཉེན་ཡོད།གཡག་ལ་མཚོན་ཡོད།དུག་ལ་སྨན་ཡོད།བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་ཞུས་པ་དེ་ལས་བོད་ལ་གནའ་ནས་གསོ་རིག་གི་རིག་གཞུང་ཡོད་པ་ཤེས་ཐུབ།
        ལྔ་པ།བོད་ཁམས་གཅིག་གྱུར་མ་བྱས་གོང་དུ་ཞང་ཞུང་གསོ་རིག་གི་བསྟན་པ་རབ་ཏུ་རྒྱས།སྐབས་དེར་གསོ་རིག་གི་མ་ལག་ཅུང་ཆ་ཚང་བའི་གཞུང་དང་ལག་ལེན་ཡོད།བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་དངོས་སློབ་བརྒྱད་ལས་ཆེ་བ་དཔྱད་བུ་ཁྲི་ཤེས་གྱིས་བསྡུས་པའི་གསོ་རིག་གཞུང་ལ་ནད་འབུམ་ནག་པོ་དང་དཔྱད་འབུམ་ཁྲ་བོ།སྨན་འབུམ་དཀར་པོ།གསོ་དཔྱད་ཀྱི་མདོ་དགུ།གསོ་རིག་དཔྱད་རྒྱུད་ཟླ་ཟེར་བཅས་ཡོད།ཞང་ཞུང་གསོ་རིག་གི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་གཏིང་།འདི་དག་ལས་གཡུ་ཐོག་པའི་གསོ་རིག་གི་གཞུང་དང་ལག་ལེན་གྱི་འབྱུང་ཁུངས་ནི་བོད་རང་གི་ས་གནས་ནས་འཚར་ལོང་བྱུང་པའི་གསོ་བ་རིག་པའི་ཉམས་མྱོང་ཡིན།
        དྲུག་པ། རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས།མཐའ་འཁོར་རྒྱལ་ཁབ་དང་མི་རིགས།ས་གནས་བར་གསོ་རིག་གི་གྲོས་གླེང་བྱས་ནས་རིག་གཞུང་ཆ་ཚང་ཅན་དང་ལག་ལེན་སྣ་འཛོམ་ཅན་དུ་ཁ་ཕྱོགས།ལྷག་པར་དུ་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་སྐབས།གསོ་བྱེད་སྨན་པས་བོད་རང་གི་གནས་སློབ་སྦྱོང་བྱེད་པ་དང་མཉམ་དུ།ས་གནས་གཞན་དང་རྒྱལ་ཁབ་གཞན།མི་རིགས་གཞན་གྱི་གསོ་རིག་ལ་སློབ་སྦྱོང་བྱས།གཞན་གྱི་ལེགས་ཆ་དང་གཞུང་གང་མང་བོད་ཡིག་ཏུ་སྒྱུར།གཞུང་དེ་དག་གིས་གསོ་རིག་རྒྱུད་བཞིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་ངོ་།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།