ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》མཚམས་སྦྱོར།
༄༅།།《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》མཚམས་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-07-01 10:35:32
ཀློག་གྲངས།:

ཐེངས་འདིར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་དགེ་བཤེས་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》ཞེས་བྱ་བའི་དེབ་འདིའི་ཁྱད་ཆོས་སམ་དགེ་མཚན་འགའ་བརྗོད་ན།
གཅིག་ན་གནས་རི་འདི་ཡི་གནས་སྒོ་འབྱེད་མཁན་སྐྱང་འཕགས་ཆེན་པོས་བརྩམས་པའི་བྱ་དུར་དཀར་ཆག་དང་། མཁར་ཡག་མཁས་གྲུབ་ཀྱིས་བསྒྲིགས་པའི་གནས་རིའི་ཞིང་བཀོད། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཞལ་གསུང་ལྟར་སྒྲ་བཙུན་རྟོགས་ལྡན་གྱིས་བསྒྲིགས་པའི་དཀར་ཆག་དྭངས་འདྲེན། གཏེར་སྟོན་འོད་ཟེར་གླིང་པའི་དབྱིངས་ཉིད་མཁའ་འགྲོའི་ཞལ་ལུང་དཀར་ཆག ཧོར་པོ་དྲུང་རམས་པ་བསྟན་འཛིན་བློ་གྲོས་ཀྱིས་བྲིས་པའི་དཀར་ཆག་སྤོས་ཀྱི་གླང་པོ། དཔོན་སློབ་རྣམ་དག་འོད་ཟེར་དང་ངེས་མེད་རྣལ་འབྱོར་སོགས་སྐྱེས་ཆེན་རྣམས་ཀྱི་གནས་བསྟོད་སོགས་ཚད་ལྡན་གྱི་ཡིག་ཆ་དག་ལ་གཞི་བཅོལ་བས་ཁུངས་བཙུན། གཉིས་ན་སྲོལ་རྒྱུན་གྱི་དཀར་ཆག་ཇི་བཞིན་དབུ་ནས་ཞབས་སུ་གནས་ཀྱི་གཙོ་ཕལ་ལྟར་མཐར་ཆགས་སུ་བྲིས་པ་མིན་པར། ཕྱི་ཡི་བསྐོར་ལམ་གྱི་འགྲོས་ལྟར་མཆོད་མཇལ་བྱེད་ས་རེ་རེ་ནས་ཚན་པ་ཕྱེས་ཏེ་མཚམས་སྦྱོར་བྱས་པས་སྟབས་བདེ། གསུམ་ན་མཆོད་མཇལ་བྱེད་ཡུལ་རེ་རེ་ལ་ཡི་གེས་ངོ་སྤྲོད་བྱས་པ་མ་ཟད་ཁྲ་ཆུང་མིག་གི་བདུད་རྩིར་སོན་པའི་ཚོན་ཁྲ་ཅན་གྱི་པར་རིས་རེ་བཀོད་པས་ཞལ་གསལ། བཞི་ན་གནས་བཤད་ཚན་པ་རེ་རེ་བཞིན་གངས་ཅན་བརྡ་སྐད་རྒྱ་ཡིག་ཏུ་གོ་སླར་བསྒྱུར་ནས་ཤན་སྦྱར་ཚུལ་དུ་བཀོད་པས་གང་ལ་གང་འཚམས་དེ་ལ་དེ་བསྟུན་གྱི་ཐབས་མཁས་པ་སོགས་སོ།།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།