སྒྲུང་ཐུང་གཅེས་བསྒྲིགས《སྒེའུ་ཁུང་གི་ཕྱི་རོལ》པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-11-11 09:41:32 ཀློག་གྲངས།:
ཉེ་ཆར། ན་གཞོན་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ཡི་སྒྲུང་ཐུང་གཅེས་བསྒྲིགས《སྒེའུ་ཁུང་གི་ཕྱི་རོལ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། དེབ་འདི་ནི་རྩོམ་པ་པོས་ལོ་ངོ་བདུན་ཙམ་གྱི་རིང་གསར་རྩོམ་བགྱིས་པའི་སྒྲུང་ཐུང་བཅུ་གྲངས་ཙམ་གྱིས་གྲུབ་པ་ཞིག་ཡིན། དེ་ལས་སྒེའུ་ཁུང་གི་ཕྱི་རོལ་དང་རླུང་ལ་བཞོན་པའི་ས་རྡུལ། ནམ་མཁའི་སྐར་མ་དང་མཚན་མོར་རྒྱུ་བ་སོགས་ཀྱིས་མཚོན་པའི་བརྩམས་ཆོས་ཕལ་ཆེ་བ་སྦྲང་ཆར་དང་ཟླ་ཟེར། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་སོགས་སུ་བཀོད་ཡོད།
དེབ་འདི་ནི་བོད་ཀྱི་དེང་རབས་གསར་རྩོམ་གཅེས་བཏུས་དཔེ་ཚོགས་ཀྱི་ཁག་གསུམ་པ་བརྩམས་སྒྲུང་གི་སྐོར་ཡིན་ནོ།།
བསོད་ནམས་རྡོ་རྗེ། མདོ་སྨད་གཅན་ཚ་ཚོ་དྲུག་ཏུ་སྐྱེས།  ༢༠༡༢ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ལོ་རྒྱུས་རིག་པའི་ཤེས་རམས་པའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་ལས་ཀ་གཉེར་བཞིན་ཡོད།  བརྩམས་ཆོས་ལ《དོང་ནང་གི་མེ་ཏོག》སོགས་སྒྲུང་ཐུང་འབྲིང་ཉི་ཤུ་ཙམ་དང་།  གློག་བརྙན་ཐུང་གྲས《ཆར་བ》(འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ)སོགས་ཡོད། 

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།