ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ།  > «གེ་སར་གསོལ་མཆོད་རིག་གནས་ཞིབ་འཇུག»པར་སྐྲུན་འགྲེམ་སྤེལ་བྱས།
				«གེ་སར་གསོལ་མཆོད་རིག་གནས་ཞིབ་འཇུག»པར་སྐྲུན་འགྲེམ་སྤེལ་བྱས།
							རྩོམ་པ་པོ།:
							ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
							དུས་ཚོད།:2024-05-27 08:44:38
							ཀློག་གྲངས།:
							
							
						
						       མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཞིབ་འཇུག་པ་ཆེན་མོ་སྙིང་བོ་ཚེ་རིང་ལགས་ཀྱི«གེ་སར་གསོལ་མཆོད་རིག་གནས་ཞིབ་འཇུག»ཅེས་པ་ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

       «གེ་སར་གསོལ་མཆོད་རིག་གནས་ཞིབ་འཇུག»ཅེས་པའི་དེབ་འདིར་རྩོམ་པ་པོས་ཡིག་ཐོག་དང་ངག་ཐོག་ཡིག་ཆ་རྩ་ཆེན་གང་མང་སྤྱད་དེ་གེ་སར་སྒྲུང་གི་གསོལ་མཆོད་རིག་གནས་ཀྱི་སྐོར་ལ་ཞིབ་འཇུག་བགྱིས་ཤིང་། གེ་སར་སྒྲུང་གི་གསོལ་མཆོད་ཡིག་ཆའི་རིགས་དང་དབྱེ་བ། གེ་སར་སྒྲུང་གི་གསོལ་མཆོད་ཡིག་ཆ་དང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལས་གསོལ་མཆོད་ཡིག་ཆའི་འབྲེལ་བའི་སྐོར་དང་། གེ་སར་གསོལ་མཆོད་ཡིག་ཆ་ལས་འཕྲོས་ཏེ་བོད་ཀྱི་རི་ཆུའི་རིག་གནས་དང་སྲོལ་རྒྱུན་སྐྱེ་ཁམས་ལྟ་བའི་སྐོར་བརྗོད་ཡོད་པས། འདིའི་ཐད་ཀྱི་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད་པར་མ་ཟད། བོད་ཀྱི་རྩོམ་རིག་དང་གསོལ་མཆོད་རིག་གནས་ཞིབ་འཇུག་ཐད་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་གོ །
རྩོམ་པ་པོ་ངོ་སྤྲོད།

       སྙིང་བོ་ཚེ་རིང་། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རྒྱ་ཡེ་སྡེ་བར་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཞིབ་འཇུག་པ་ཆེན་མོ་ཡིན། «ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས་རྟོག་ཞིབ་དང་ཞིབ་འཇུག»སོགས་སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི༡༣ལ་འགོ་འཛིན་དང་གསབ་ཞུགས་བྱས། «གླིང་གེ་སར་སྒྲུང་ལ་དཔྱད་པ་བློ་གསལ་ཡིད་ཀྱི་དགའ་སྟོན»སོགས་རིག་གཞུང་ཆེད་དེབ༥དང་སྒྲིག་སྒྱུར་དེབ༤ དཔྱད་རྩོམ༣༢ «སྒ་སྡེ་ཤེས་རབ་ཁྲོ་རྫོང»སོགས་སྒྲུང་དཔེ༢༠ལེགས་སྒྲིག་བྱས་ཤིང་བསྒྱུར་དེབ༡བཅས་སོ། །རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་འཇོན་མི་མཐོ་རྩེའི་གསར་གཏོད་དང་ལས་གཏོད་འཇོན་མིའི་སྣེ་ཁྲིད་ཤེས་ལྡན་མི་སྣ་བཅས་སུ་བདམས་ཡོད། །
						
						འབྲེལ་ཡོད་འོས་སྦྱོར།
						
				
				- 
							暂无相关信息roking						
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
						
					
							བརྙན་རིས།
						
						- 
									
										  ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
- 
									
										  བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
- 
									
										  འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
- 
									
										  མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
							འོས་སྦྱོར།
							བརྗེ་སྒྱུར།
						
						
					
							པར་རིས་ལོངས་སྤྱོད།
						
						
					






 
                                         
                                         
                                         
                                         
                                         
										 青公网安备63252102000006号
青公网安备63252102000006号