ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཚན་རིག་ཁྱབ་གདལ་ཀློག་དེབ»
«དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཚན་རིག་ཁྱབ་གདལ་ཀློག་དེབ»
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དུས་ཚོད།:2025-02-13 11:06:46
ཀློག་གྲངས།:
ཉེ་ལམ། «དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཚན་རིག་ཁྱབ་གདལ་ཀློག་དེབ»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཀྲུང་གོའི་ནད་རིམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དལ་བའི་རང་བཞིན་གྱི་འགོས་ནད་མིན་པའི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་རྒྱ་བོད་ཤན་སྦྱར་གྱི«དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཚན་རིག་ཁྱབ་གདལ་ཀློག་དེབ»རྩོམ་སྒྲིག་བྱས་པ་དང་། རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚན་རིག་གི་རང་བཞིན་དང་། གོ་བདེ་བའི་རང་བཞིན། གོ་ཆོད་པའི་རང་བཞིན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་རྒྱུ་རྐྱེན་ལ་ཐེ་ཇུས་བྱེད་པའི་ལག་རྩལ་གྱི་འབྲེལ་ཡོད་ནང་དོན་ཞུན་བརྡར་དང་དབྱེ་ཞིབ་བྱེད་པ་དང་། དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན། དེ་བཞིན་གཞི་རིམ་གྱི་དལ་བའི་རང་བཞིན་གྱི་ནད་གཞིའི་སྔོན་འགོག་དང་ཚོད་འཛིན་མི་སྣའི་ཚན་རིག་ཁྱབ་གདལ་ལས་ཀའི་དགོས་མཁོ་གཞིར་བཟུང་ནས་དཔེ་དེབ་འདི་རྩོམ་སྒྲིག་བྱས་ཡོད།


དཔེ་དེབ་འདིའི་ནང་དོན་གཙོ་བོ་ནི་དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ལ་ངོས་འཛིན་དང་། ཟས་སྤྱོད་སྤང་བླང་། ལུས་ཁམས་ཀྱི་འགུལ་སྐྱོད། ཐ་མག་གཅོད་རོགས། སེམས་ཁམས་གནོན་ཤུགས་རང་གིས་སྙོམས་སྒྲིག་བྱེད་སྟངས་བཅས་སྡེ་ཚན་ལྔ་ལས་གྲུབ་པ་ཞིག་ཡིན། འདི་དག་ནི་དལ་བའི་རང་བཞིན་གྱི་ནད་རིགས་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱི་བདེ་ཐང་དོ་དམ་གྱི་གཙོ་གནད་ནང་དོན་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།