ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར། «བོད་སྨན་མཁས་དབང་དགའ་བའི་རྡོ་རྗེའི་རྩོམ་ཐོར་ཟིན་བྲིས་ཕྱོགས་བསྒྲིགས»
དེབ་གསར། «བོད་སྨན་མཁས་དབང་དགའ་བའི་རྡོ་རྗེའི་རྩོམ་ཐོར་ཟིན་བྲིས་ཕྱོགས་བསྒྲིགས»
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-05-20 10:05:42
ཀློག་གྲངས།:
ཉེ་ལམ། སྐལ་ལྡན་ཉི་མས་གཙོ་སྒྲིག་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བསྒྲིགས་པའི་དེབ་གསར«བོད་སྨན་མཁས་དབང་དགའ་བའི་རྡོ་རྗེའི་རྩོམ་ཐོར་ཟིན་བྲིས་ཕྱོགས་བསྒྲིགས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

དེབ་འདིར་བོད་སྨན་མཁས་དབང་དགའ་བའི་རྡོ་རྗེ་ལགས་སྔོན་ཆད་ཆབ་མདོ་ས་ཁུལ་མི་དམངས་སྨན་ཁང་དང་། ས་ཁུལ་སྨན་རྩིས་ཁང་། དེ་རྗེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཅས་སུ་ཕྱག་ལས་གནང་བའི་སྐབས་ཏེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་ད་ལྟའི་བར་བྲིས་པའི་དཔྱད་རྩོམ་དང་། སྙན་ཞུ། གཏམ་བཤད་ཟིན་བྲིས། མཚམས་སྦྱོར། རྟེན་འབྲེལ་སྨོན་ཚིག །བསྒྱུར་ཡིག །བརྗེད་བྱང་སོགས་པར་སྐྲུན་འགྲེམས་སྤེལ་བྱུང་དང་མ་བྱུང་ཅི་རིགས་ཀྱི་ཟིན་བྲིས་ཁག་ཅིག་བསྡུ་རུབ་བྱས་པ་ཡོད་ཅིང་། དེ་དག་དུས་རབས་གོང་མར་གློག་ཀླད་དུ་བོད་ཡིག་བླུག་རྒྱུ་དང་། བསྐྱར་པར་རྒྱག་རྒྱུ། བཤེར་འབེབས་བྱེད་རྒྱུ་སོགས་དེང་རབས་ཅན་གྱི་ཡོ་བྱད་མེད་པས་འབྲི་དགོས་རིགས་ཐམས་ཅད་ལག་བྲིས་ཁོ་ན་ཡིན་པ་དང་། པར་གཞི་ཞིག་ཉར་དགོས་ཚེ་ཐེངས་གཉིས་འབྲི་བའམ། ཡང་ན་འབྲི་ཤོག་རེའི་མཚམས་སུ་སྣག་ཤོག་རེ་བཞག་ནས་བྲིས་ན་ཐེངས་གཅིག་ལ་གསུམ་བཞི་ཙམ་འབྲི་ཐུབ་པས་མང་ཆེ་བ་དེ་ལྟར་བྲིས་པ་ཁོ་ན་རེད། འདིར་མ་འོངས་རྗེས་འཇུག་པ་རྣམས་ཀྱིས་སྐབས་དེ་དུས་ཀྱི་སྐོར་ལ་བོད་ཀྱི་གསོ་བ་རིག་པའི་བསྟན་དོན་དུ་ལས་ཀ་དང་། སློབ་སྦྱོང་། ཞིབ་འཇུག་བཅས་བྱེད་སྐབས་ཆ་རྐྱེན་གང་འདྲ་ཡོད་མེད་དང་། དཀའ་ལས་ཇི་ལྟར་བྱེད་དགོས་པ་སོགས་ཤེས་པ་དང་། དེང་དུས་ཕྱོགས་གང་ཅིའི་མཐུན་རྐྱེན་བཟང་བའི་གོ་སྐབས་ལ་གཅེས་སྤྲས་ཤེས་རྒྱུར་བསྐུལ་མ་རེ་ཨེ་ཐོན་གྱི་ཀུན་སློང་གཙང་མས་པར་དུ་བསྐྲུན་པའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།