ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «བོད་བཙན་པོའི་དུས་ཀྱི་མིང་བརྡ་ཞིབ་འཇུག»ཅེས་པ་པར་སྐྲུན་བྱས་པ།
«བོད་བཙན་པོའི་དུས་ཀྱི་མིང་བརྡ་ཞིབ་འཇུག»ཅེས་པ་པར་སྐྲུན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-06-17 08:37:30
ཀློག་གྲངས།:
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཨ་བསེ་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི«བོད་བཙན་པོའི་དུས་ཀྱི་མིང་བརྡ་ཞིབ་འཇུག»ཅེས་པ༢༠༢༥ལོའི་ཟླ༦པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་དེབ་ངོ་སྤྲོད།
དེབ་འདི་ནི་དེང་གི་དུས་སུ་རིག་ཚན་ཡན་གར་དུ་བྱེད་པའི་ལུགས་དང་མཐུན་པར་མིང་བརྡ་རིག་པའི་གཞུང་ལུགས་སྤྱད་དེ། བོད་བཙན་པོའི་དུས་ཀྱི་བརྐོས་ཡིག་ཁག་གཞིར་བཟུང་སྟེ་བཙན་པོའི་དུས་སྐབས་ཀྱི་མིང་བརྡའི་གྲུབ་ཚུལ་དང་། མིང་བརྡའི་རྣམ་པ། མིང་བརྡའི་དབྱེ་བ། མིང་བརྡའི་སྒྲིག་གཞི། མིང་བརྡའི་འཕེལ་འགྱུར། མིང་བརྡར་ཤན་སྦྱོར་སྟངས་བཅས་ལ་གོ་རིམ་ཡོད་པའི་སྒོ་ནས་དཔྱད་ཞིབ་བགྱིས་ཏེ་ཞིབ་འཇུག་བྱས་ཡོད་ཅིང་། འདིས་བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་མ་ལག་ཕྱོགས་ཡོངས་ནས་ཆ་ཚང་བར་འགྱུར་བ་ལ་ཕྱ་ར་གྲུ་འདེགས་ཀྱི་ཚུལ་དུ་ཕན་ནུས་ཙམ་ཐོན་ཨེ་ཐུབ་སྙམ་པའི་བློ་དང་བཅས་བརྩམས་པ་ལགས་སོ། །

ཆེད་རྩོམ་འདི་ཉིད་སྤྱི་ལོ༢༠༡༨ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་མི་གཞུང་སྤྱི་ཚོགས་ཚན་རིག་གི་ལས་གཞིའི་འབྲས་རྟགས་སུ་ཕུལ་ཅིང་། ད་ནི་དངོས་སུ་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་བྱུང་ངོ་། །
རྩོམ་པ་པོ་ངོ་སྤྲོད།
རྩོམ་པ་པོ་ངོ་སྤྲོད།

ཨ་བསེ་རིན་ཆེན་བཀྲ་ཤིས། མཚོ་སྔོན་ཁྲི་ཀའི་སྒོ་མེ་ཡུལ་དུ་སྐྱེས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་གཞོན་པ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། སྐད་བརྡ་རིག་པའི་འབུམ་རམས་པ་བཅས་ཡིན། གཙོ་བོ་བོད་ཀྱི་བརྡ་སྤྲོད་དང་དེང་རབས་སྐད་བརྡ་རིག་པའི་སྐོར་ཀྱི་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད། སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ(ད་ལྟའི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང)དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་ཆེན་སོགས་རིམ་པར་འགྲིམས་ཏེ་སློབ་གཉེར་བྱས། སློབ་གསོ་སློབ་ཁྲིད་ཀྱི་ཞོར་དུ་སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས«བོད་ལྗོངས་ཞིབ་འཇུག»དང«བོད་ལྗོངས་སློབ་ཆེན་གྱི་རིག་དེབ»སོགས་སུ་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། ཆེད་དེབ་ལ«བོད་ཀྱི་དག་ཡིག་རིག་པའི་རྣམ་གཞག་མདོར་བསྡུས་རིག་པའི་གོ་རྫོང»དང«བོད་བཙན་པོའི་དུས་ཀྱི་མིང་བརྡ་ཞིབ་འཇུག»གཉིས་དང་། འགྱུར་དེབ་ལ«བཅའ་ཁྲིམས་ཀྱི་རྨང་གཞིའི་ཤེས་བྱ»མཉམ་བསྒྲུབ་ཀྱི་ཆེད་དེབ་ལ«མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་ལས་མཚོ་ཤར་ཁུལ་གྱི་གླེགས་བམ» «མཚོ་སྔོན་གནས་རི་གྲགས་ཅན་གྱི་ལོ་རྒྱུས(རྒྱ་ཡིག)»གཉིས་བཅས་པར་དུ་བསྐྲུན། རྒྱལ་ཁབ་རིམ་པའི་ལས་གཞི་བཅུ་ལྷག་ལ་ཞུགས་པ་མ་ཟད། རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་མགོ་འཛིན་གྱིས་མཇུག་བསྡུས་ཤིང་། ད་ལྟ་རྒྱལ་ཁབ་སློབ་གསོ་པུའུ་ཡི་ལས་གཞི་གཅིག་གཉེར་མུས་སུ་མཆིས། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་དཔེ་སྟོན་མི་སྒེར་དང་མཚོ་སྔོན་ཁུ་ནུའི་འཇོན་མིའི་གྲས་སུ་བདམས་ཐོན་བྱུང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།