• དེབ་འདི་ཉིད་ནི་ཞིབ་འཇུག་གི་ཐབས་ལམ་གསར་པ་བེད་སྤྱོད་གནང་སྟེ་རྒྱལ་ཁབ་ཕྱི་ནང་གི་རྩིས་འཁོར་སྐད་བརྡ་རིག་པའི་དཔྱད་འབྲས་གསར་པས་ཟུར་བརྒྱན་པ་དང་།མི་དང་རྩིས་འཁོར་བར་གྱི་འབྲེལ་འདྲིས་སྐད་ཆར་དབྱེ་ཞིབ་བགྱིས་པའི་བོད་ཡིག་གི་ལམ་ནས་བྲིས་པའི་རིག་གཞུང་བརྩམས་ཆོས་གལ་ཆེན་ཞིག་ཡིན་ཙ་ན། གཞུང་ལུགས་ཐབས་ལམ་གྱི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་།དུས་རབས་ཀྱི་རིན་ཐང་མི་དམན་པ་ཞིག་ཡོད་པ་ནི་སྨོས་མ་དགོས་ལ།ལྷག་དོན་བོད་ཡིག་ཆ་འཕྲིན་དང་།སྐད་བརྡ་རིག་པའི་ཕྱོགས་ལ་འཇུག་མཁན་གྱི་ལས་དང་པོ་བ་རྣམས་དང་།དུས་མཚུངས་སུ་བོད་སྐད་ཡིག་གི་བྱ་བ་སྒྲུབ་མཁན་དང་།མཐོ་རིམ་སློབ་གླིང་ཁག་གི་དགེ་སློབ་རྣམས་ལ་ཟུར་ལྟའི་དཔྱད་གཞིའི་རིན་ཐང་མི་དམན་པ་ཞིག་བསྐྲུན་ཡོད་པས།དེབ་འདི་ཉིད་པར་སྐྲུན་བགྱིས་པ་ལ་དགེ་མཚན་བླ་ལྷག་ལྡན་པའོ།།...

    2023-06-09 15:02:47 ཁྲི་ཤར་བསོད་ཚེ། 5051
  • ཉེ་ལམ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི”གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་དང2022ལོའི་རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་སྟེ«བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།བོན་གྱི་ཐ་སྙད་རིག་གནས་ནི་བྱུང་བ་སྔ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས་དེའི་སྐོར་གྱི་ཡིག་ཆ་མི་ཉུང་བ་ཞིག་དཔེ་རྒྱུན་དཀོན་པོར་ཆགས་ཤིང་ད་ལྟ་སྟོངས་ལ་ཉེ་བའི་གནས་སུ་ལྷགས་འདུགདེ་བས་ཕྱོགས་ཡོངས་ནས་བོན་གྱི་ཐ་སྙད་རིག་གནས་སྐོར་གྱི་ཡིག་ཆ་འཚོལ་སྡུད་སྲུང་སྐྱོབ་དང་པར་སྐྲུན་ཞིབ་འཇུག་བགྱི་རྒྱུ་ནི་མིག་སྔའི་དགོས་གལ་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན།...

    2023-06-08 08:45:50 མཚོ་སྔོན་པོ་དྲ་བ། 4858
  • ཉེ་ཆར།དགའ་བ་དགྲ་འདུལ་ལགས་ཀྱི་བྱིས་སྒྲུང་རི་མོ་ཅན་བཞི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།«སྲོག་ཆགས་ཀྱིས་ཆུ་ཕུད་ལེན་པ» «གྲོག་མ་སེར་རིལ་དང་ནག་རིལ» «བུ་སྣབས་འཛིར» «ཕག་ཕྲུག་སྟོབས་རྒྱལ་གྱི་སྟ་རེ»ཞེས་བོད་ཡིག་གིས་བྲིས་པའི་གསར་རྩོམ་རིས་དེབ་བཞི་པོ་འདི་དག་ད་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་བ་དང་།ཐོག་མཐའ་བར་གསུམ་དུ་བདག་ལ་རྒྱབ་སྐྱོར་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་དང་།ཕ་མ་སྤུན་མཆེད།མོས་པ་མཐུན་པའི་གྲོགས་རྣམས་ལ་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ།...

    2023-06-06 09:13:44 མཚོ་སྔོན་པོ་དྲ་བ། 4798
  • «བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ།བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་།འཇིམ་བཟོ།བཟོ་བཀོད།ལག་ཤེས་སྒྱུ་རྩལ།ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན།འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ།པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས།སྤུས་དག་ཤོས་དེ་ཡིན་ནོ།།...

    2023-05-29 22:11:06 མཚོ་སྔོན་པོ་དྲ་བ། 4944
  • ཉེ་ལམ།ཐང་དགེ་སྒྲོལ་དཀར་སྐྱབས་ཀྱི་དེབ་གསར«ཐོས་པ་དགའ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།འཛིན་བདག་ནི་སློབ་གྲྭའི་རྩ་འཛུགས་ཀྱི་ལས་རོགས་པ་འཇོན་པོ་དང་།དགེ་རྒན་གྱི་དཔུང་འཛུགས་སྣེ་ཁྲིད་ཀྱི་རྐང་འཛིན་པ།སློབ་མའི་འཇོན་ནུས་འཕེལ་རྒྱས་ཀྱི་ལམ་སྟོན་པ་བཅས་ཀྱི་འགན་ཤུགས་ཀྱིས་བཞེས་དགོས་སྟབས།ཁོ་བོས་ལོ་ངོ་སུམ་ཅུའི་རིང་ལ་འཛིན་བདག་གི་ལས་ཀ་གཉེར་བའི་མྱོང་བ་དང་བསམ་ཚུལ་ཐུང་ཐུང་ཞིག་འདིར་གླེང་ནས།འཛིན་བདག་དགེ་རྒན་ནི་སློབ་གྲྭའི་གདུང་འདེགས་ཀྱི་ཀ་བ་དང་།སློབ་མའི་མདུན་ལྗོངས་ཀྱི་འཚོ་བའང་ཡིན་ཞེས་དབྱེ་ཞིབ་བྱས་པ་མ་ཟད།ན་ཆུང་སློབ་མར་རྩོམ་ཡིག་འབྲི་བའི་དགའ་སྣང་སྐྱེད་སྲིང་བྱ་རྒྱུ་ནི་སློབ་ཁྲིད་སློབ་གསོའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་སོགས་བརྗོད་གཞིར་བཟུང་ནས་དེབ་ཆུང་འདིའི་གཞི་རིམ་སློབ་གསོའི་མཐའ་དཔྱོད་ཅེས་ས་བཅད་གསུམ་པར་དབྱེ་ཞིབ་བྱས་ཡོད།...

    2023-05-26 15:36:52 མཚོ་སྔོན་པོ་དྲ་བ། 5027
  • མེས་པོ་ཚོས་རི་བོ་མཐོན་པོ་གཙུག་ཏུ་བཀུར་ཞིང་།ས་གཞི་ཆེན་པོ་ཐུགས་སུ་བསྒོམས་པས།གཞི་ནས་བྱ་རྒོད་ལ་འཕུར་ལྡིང་བྱེད་སའི་གནམ་སྔོན་པོ་དང་།རྟ་ཕོ་ལ་གོམ་པ་སྤོ་སའི་ཐང་ཡངས་མོ་ཡོད་པ་རེད།གནམ་སྔོན་པོ་དང་ཐང་ཡངས་མོ་ལས་ངས་མེས་པོ་ཚོའི་ཞབས་རྗེས་མཇལ་བས་མ་ཚད།རང་ཉིད་ཀྱི་གྲིབ་གཟུགས་ཀྱང་མཐོང་བྱུང་བས།ངའི་ཡིག་འབྲུར་མེས་པོ་ཚོའི་དར་རྒུད་ཀྱི་རི་མོ་དང་རང་ཉིད་ཀྱི་སྐྱིད་སྡུག་གི་གླུ་དབྱངས་ཀྱང་འདུས་ཡོད།...

    2023-05-24 08:32:01 མཚོ་སྔོན་པོ་དྲ་བ། 5411
  • ཆོས་ཚ་སྟོབས་ལྡན་རྡོ་རྗེས་བརྩམས་པའི«ཇོ་ནང་ཏཱ་ར་ནཱ་ཐའི་མཛད་རྣམ་ཞིབ་འཇུག»ཅེས་པའི་དཔེ་ཆ་འདི་ནི་རིག་གཞུང་ཞིབ་འཇུག་གི་དེབ་ཅིག་ཡིན་ལ།2019ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་མཐར་ཕྱིན་དཔྱད་རྩོམ་དུ་ཕུལ།འདིར་གཙོ་བོ་ལོ་ངོ་བཞི་བརྒྱར་ཉེ་བའི་རིང་ཏཱ་ར་ནཱ་ཐའི་མཛད་རྣམ་ནོར་འཁྲུལ་ཅན་དུ་ཡོང་བའི་རིགས་དང་།རྒྱལ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པའི་སྡེར་རྩོད་གཞིར་གྱུར་ཡོད་པའི་ཁོང་གི་ལོ་རྒྱུས་དོགས་གནད་ཅན་སོགས་ལ།རྩོམ་པ་པོས་ལོ་ངོ་བཞི་ལྷག་ལ་འབད་རྩོན་གྱིས་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་མཛད་རྣམ་དང་འབྲེལ་ཡོད་ཀྱི་བོད་ཡིག་གི་པོད་ཏི་དྲུག་ཅུ་རེ་གསུམ་ལྷག་དང་།རྒྱ་ཡིག་གི་རྩོམ་བཅུ་དགུ་ལྷགདབྱིན་ཡིག་གི་རྩོམ་ཉི་ཤུ་ལྷག་བཅས་ཁྱོན་དཔྱད་གཞིའི་ཡིག་ཚང་པོད་ཏི་བརྒྱ་ལྷག་ལ་དཔེ་ཀློག་དང་ཞིབ་འཇུགདེ་མིན་ཡིག་ཚང་གཤིབ་བསྡུར་གྱི་ཐབས་ལམ་དང་།ཡུལ་ངོས་རྟོག་ཞིབ་ཀྱི་ཐབས་ལམ་སོགས་སྤྱད་དེ།ལེའུ་ལྔ་དང་།ས་བཅད་བཅུ་དགུ།དོན་ཚན་ཞེ་བཞི་ལྷག་གིས་གྲུབ་ཡོད་ཅི་ང།དེབ་འདིར་ཡིག་གྲངས་ཁྲི་སུམ་བཅུ་སོ་བཞི་ལྷག་དང་ཤོག་ངོས་བཞི་བརྒྱ་ལྷག་ཡོད།ད་ལོ་སྟེ་སྤྱི་ལོ༢༠༢༣ལོའི་ཟླ༥ཚེས༡༥ཉིན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ལེགས་གྲུབ་བྱུང་ནས་རྒྱ་ཆེའི་གཟིགས་མཁན་ཀུན་གྱི་སྤྱན་སྔར་ཕུལ་ཡོད་དོ།།...

    2023-05-22 10:00:38 མཚོ་སྔོན་པོ་དྲ་བ། 5590
  • «ཚངས་སྲས་མཆོད་པ»ཞེས་པའི་སྙན་དེབ་འདི་ནི། ཁོ་བོས་བྲིས་པའི་སྙན་ངག་གི་དེབ་ཕྲེང་དྲུག་པ་སྟེ། སྲོལ་རྒྱུན་སྙན་ངག་རྐྱང་བས་གྲུབ་པའི་ཆེད་དེབ་དམིགས་བསལ་བ་ཞིག་ཡིན། དེ་ཡང་ཀླད་ཀྱི་མཆོད་པར་བརྗོད་པ་དང་མཇུག་གི་སྨོན་ཚིག་ཚུན་ཆད་སྔོན་བྱོན་མེས་པོ་དག་གི་རྩོམ་སྲོལ་ལ་སྒོ་བསྟུན་ནས། ངག་གི་ལྷ་མོ་དབྱངས་ཅན་མ་ལ་རྩེ་གཅིག་ཏུ་མཆོད་པར་བརྗོད་ཅིང་འདོད་དོན་གསོལ་བའི་སྙན་ཚིག་དུམ་བུས་དབུ་བསླངས་ཤིང་། ནང་དོན་གྱི་ཕྱོགས་ནས་འཇིག་རྟེན་ཕོ་མོའི་འདོད་བརྩེ་བརྗོད་པ་ཁོ་ནའི་ཕྱོགས་སུ་མ་འཆེལ་བར། ཆོས་སྲིད་ལུགས་གཉིས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་གནད་ལ་གཞོལ་ཅི་ཐུབ་བགྱིས་པ་དང་།ཚིག་སྦྱོར་གྱི་ཐད་ནས་ཀྱང་རྡོ་ཆག་བཙན་སྒྲིག་གི་ཨུ་ཚུགས་སྤངས་ཏེ་ཕུ་ཆུ་ལྷུང་ལྷུང་དུ་འབབ་པ་ལྟ་བུའི་རྩོལ་མེད་རང་བྱུང་གི་ཉམས་འགྱུར་ལྷུ་རུ་བླངས་ཤིང་རྩལ་དུ་བཏོན་ནས། མི་རིགས་རང་གི་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་པའི་སྲོལ་རྒྱུན་སྙན་ངག་གི་རྩོམ་འགྲོས་རྣལ་མས་གཞུང་བསྲིངས། ཁ་གསལ་གོ་བདེའི་ངག་སྦྱོར་གྱི་མེ་ལོང་ལས་བརྗོད་བྱའི་གཟུགས་བརྙན་གསལ་བོར་སྟོན་པའི་འབོལ་རྩོམ་སྙན་ངག་གི་རྩོམ་སྟངས་ཀྱིས་ཟུར་བརྒྱན་ཏེ་གྲུབ་པ་ཞིག་ཡིན།...

    2023-05-15 09:33:45 མཚོ་སྔོན་པོ་དྲ་བ། 6089
  • «མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས»ཅེས་པར་བསྡོམས་པས་དེབ་ལྔ་ཡོད་ལ།སོ་སོར«ལོ་རྒྱུས་སྔོན་གྱི་མཚོ་སྔོན»དང་།«ཆའང་རིགས་ནུབ་མའི་རྗེས་ཤུལ» «རྩྭ་ཐང་གི་འ་ཞ་རྒྱལ་རབས» «ནན་ལེའང་རྒྱལ་རབས་ཀྱི་གཏམ་རྒྱུད» «ཚོང་དོན་ཁྲོམ་ར»བཅས་ལས་གྲུབ་པ་ཞིག་རེད།དེ་ནི2004ལོར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཇུས་འགོད་རྩོམ་སྒྲིག་བྱས་པའི«མཚོ་སྔོན་གྱི་ལོ་རྒྱུས་གཏམ་བཤད»ཀྱི་རྨང་གཞིའི་སྟེང་།དེ་སྔའི་རྩོམ་སྒྲིག་པས་ནན་ཏན་ངང་ཞིབ་བསྡུར་བྱས་པ་དང་།བཟོ་བཅོས་ཡང་ཡང་བྱས་པ་བརྒྱུད་འགྲེམ་སྤེལ་བྱས་པ་ཡིན་ལ།དཔེ་ཚོགས་འདིས་མཚོ་སྔོན་ས་གནས་ཀྱི་ལོ་རྒྱུས་དང་ས་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་གཏོང་རྒྱུར་ཁ་ཕྱོགས་ཏེ།རྩོམ་སྒྲིག་གི་སྤུས་ཚད་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་།མ་ལག་དང་བདེན་པ།གསོན་ཉམས་ལྡན་པ།མདོར་བསྡུས་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡོང་བར་བྱས་པས་ཤེས་བྱའི་རང་བཞིན་དང་།སྤྲོ་སྣང་རང་བཞིན།ལྟ་ཀློག་རང་བཞིན་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།...

    2023-05-12 08:52:25 ཚེ་རིང་རྒྱ་མཚོས་བསྒྱུར། 5792

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།